པར་རིས་གསར་འགྱུར།

ཉེ་ཆར། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དུ་སྐྱོད་པ་ཡིན། གནས་འདི་ནི་ཕུའུ་ཧྲི་དགོ་བའི་འཚོ་གནས་ཁུལ་གལ་ཆེན་ཞིག་ཡིན་ཞིང་། ཕུའུ་ཧྲི་དགོ་བ་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་དུ་ཟས་འཚོལ་ནས་བག་ཕེབས་པོར་གནས་འདུག ཕུའུ་ཧྲི་དགོ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་འགྲམ་བྱེ་མའི་ས་ཁུལ་གྱི་དམིགས་བསལ་སྲོག་ཆགས་ཀྱི་གྲས་ཤིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཕུའུ་ཧྲི་དགོ་བའི་མགོ་གྲངས་3700ལྷག་ཙམ་ཟིན་པ་དེ་སྲུང་སྐྱོང་ཐོག་མའི་དུས་ཀྱི་ལྡབ་12ཟིན་ཡོད་པ་རེད།
གོང་གི་པར་ནི་ཕུའུ་ཧྲི་དགོ་བ་ཅི་དགར་རོལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།