དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་གསུམ་པར་CPIདུས་མཚུངས་ལས་བརྟན་འཕར་བྱུང་བ།

    PPIཟླ་བ་41བསྟུད་མར་ཆག་ནས་ཐོག་མར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-13

    གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་གསུམ་པར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་ཀྱི་འཛད་སྤྱོད་དགོས་མཁོ་དུས་ཚིགས་རང་བཞིན་ལྡན་པའི་ངང་ཆག་ཅིང་། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་ཀྱི(CPI)ཟླ་བསྡུར་0.7%ཆག་པ་དང་། ལོ་གོང་མའི་དུས་མཚུངས་ལས་1.0%འཕར་བ། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPIལོ་གོང་མའི་དུས་མཚུངས་ལས་1.1%འཕར་ཡོད། རྒྱལ་སྤྱིའི་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་མགྱོགས་མྱུར་འཕར་བ་དང་རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་མཁོ་སྤྲོད་འབྲེལ་བ་ལེགས་སུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས། བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭའི་རིན་གོང་གི་སྟོན་གྲངས་ཀྱི(PPI)ཟླ་བསྡུར་1.0%འཕར་བ་དེ་དུས་མཚུངས་ལས་0.5%འཕར་ཡོད།

    CPIདུས་མཚུངས་ལས་མུ་མཐུད་བརྟན་པོའི་ངང་འཕར་བ་དང་འཕར་ཚད་ཅུང་ཆག་པའི་ནང་བཟོ་ལས་འཛད་རྫས་ཀྱི་རིན་གོང་2.2%འཕར་ནས་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.1མཐོ་རུ་ཕྱིན་པ་དང་། ཞབས་ཞུའི་རིན་གོང་0.8%འཕར་ནས་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཆག་པ། བཟའ་བཅའི་རིན་གོང་0.3%འཕར་ནས་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.4ཆག་ཡོད།

    PPIཡི་དུས་མཚུངས་ཀྱི་བསྡུར་ཚད་དེ་ཟླ་གོང་མར་0.9%ཆག་པ་ནས་0.5%འཕར་ཏེ་ཟླ་བ་41བསྟུད་མར་ཆག་ནས་ཐོག་་མར་འཕར་བ་རེད། ཟླ་འདིའི་PPIདུས་མཚུངས་འཁོར་སྐྱོད་ཀྱི་ཁྱད་ཆོས་གཙོ་བོ་ནི། གཅིག་ནི་རྒྱལ་སྤྱིའི་ནང་འདྲེན་རང་བཞིན་གྱི་རྒྱུ་རྐྱེན་གྱིས་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ཀྱི་རིན་གོང་འཕར་བར་ཤུགས་རྐྱེན་ཐེབས་པའམ་ཡང་ན་ཆག་ཚད་ཉུང་དུ་ཕྱིན་པ་དང་། གཉིས་ནི་རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་མཁོ་སྤྲོད་འབྲེལ་བ་ལེགས་སུ་ཕྱིན་པ་དང་རིན་གོང་མཐོ་རུ་ཕྱིན་པ། ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་ཕྱིན་པ། འོད་ཤུགས་སྒྲིག་ཆས་དང་དེ་བཞིན་ལྷུ་ལག་ཆེ་གྲས་དང་གཙོ་གྲས་དང་ལི་གྱེས་རྡུལ་གློག་རྫས་བཟོ་སྐྲུན་གྱི་རིན་གོང་ཁག་སོ་སོར་5.2%དང་2.5%འཕར་ཡོད། སྒུལ་ནུས་གསར་པ་ཆེ་རུ་ཕྱིན་པ། “མི་ཐབས་རིག་ནུས+”མགྱོགས་མྱུར་རྒྱ་སྐྱེད་དང་རྩིས་རྒྱག་ནུས་པའི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པ། འོད་སྐུད་བཟོ་སྐྲུན་གྱི་རིན་གོང་76.1%འཕར་བ། གསོག་ཉར་སྒྲིག་ཆས་དང་ལྷུ་ལག་གི་རིན་གོང་21.1%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།