ཚེས་10ཉིན་ནས་དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་བྱ་སྤྱོད་སྒྲིག་སྲོལ་ལག་བསྟར་བྱས་པ།
ལས་སྟེགས་ཁེ་ལས་ཀྱིས་ཁ་གསབ་བྱ་སྤྱོད་ཚད་ལྡན་དུ་ཏན་ཏིག་གཏོང་བ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་སྲོལ་མཐུན་གྱི་མཛུབ་ཁྲིད་ཚོགས་འདུ་མཉམ་འབྲེལ་ཐོག་འཚོགས་ནས། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱིས《དྲ་སྦྲེལ་ལས་སྟེགས་ཀྱི་རིན་གོང་བྱ་སྤྱོད་སྒྲིག་སྲོལ》གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་རིན་གོང་འགྲན་རྩོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱས་ཤིང་། སྒྲིག་སྲོལ་དེ་ཟླ་4ཚེས་10ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བ་རེད།
ཚོགས་འདུའི་ཐོག ལས་སྟེགས་ཁེ་ལས་ཁག་གཅིག་ལ་རིན་གོང་སྲོལ་མཐུན་གྱི་གནད་དོན་ཡོད་པའི་བརྡ་ཁྱབ་བཏང་ནས། ལས་སྟེགས་ཁེ་ལས་ཀྱིས་འཕྲལ་མར་དག་ཐེར་བྱས་ཏེ་ཟུར་བསྟན་ལེབ་མཐོང་གིས་རིན་གོང་སྲོལ་མཐུན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་རང་རྟོགས་ངང་བསྲུངས་ཏེ་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྔོན་འགོག་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག ལས་སྟེགས་ཁེ་ལས་ཀྱིས་ཁ་གསབ་བྱ་སྤྱོད་ཚད་ལྡན་དུ་ཏན་ཏིག་བཏང་ནས། ཚུལ་མིན་གྱི་རིན་གོང་འགྲན་རྩོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་ལས་ཁ་གསབ་དངུལ་གྲངས་དང་ཁ་གསབ་སྤྲོད་ཚད་རྫུན་བཟོ་དང་འུད་སྒྲོག་ཆེན་པོས་དྲིལ་བསྒྲགས་བྱེད་མི་རུང་བ་དང་། ལས་སྟེགས་ནང་གི་གཉེར་སྐྱོང་པས་རང་བདག་བཅད་གོང་དབང་ཆར་བརྩི་འཇོག་གང་ལེགས་བྱས་ནས། བཅད་གོང་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གཏན་འགོག་བྱེད་པ་དང་། ལས་སྟེགས་ནང་གི་གཉེར་སྐྱོང་པ་བྲིན་སྐུལ་བྱེད་སྒོའི་ནང་བཙན་ཤེད་དམ་ཡང་ན་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཞུགས་སུ་འཇུག་པ་དང་འབྲེལ་འགྲོ་གྲོན་སྤྲོད་དུ་འཇུག་མི་རུང་བ། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་མཐའ་ཚད་བརྟན་པོར་བསྲུངས་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་ལས་གསལ་པོར་བཀོད་མེད་པའི་གྲོན་དངུལ་ཚང་མ་བསྡུ་མི་ཆོག་པ་དང་། བྲིན་སྐུལ་རྫུན་མ་དང་རིན་གོང་གི་གཡོ་འཕྲུལ་སོགས་ཀྱི་བྱེད་སྤྱོད་གཏན་ནས་སྤེལ་མི་རུང་བ་བཅས་ཀྱི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།