དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གྲོང་མིའི་ཆུ་གློག་སོལ་རླངས་ཀྱི་ཚད་འཇལ་དང་གྲོན་བསྡུའི་ཐད་བཅོས་སྒྲིག་བྱས་པ།

    སྒྲིག་འགལ་གྱི་ཆུ་གློག་སོལ་རླངས་ཁེ་ལས་ཀྱིས་ཕྱིར་སློག་པའི་གྲོན་དངུལ་སྒོར་དུང་ཕྱུར་3ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-12

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོའི་ཟླ་ལྔ་པ་ནས་2026ལོའི་ཟླ་དང་པོའི་བར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཁྱབ་ཁོངས་སུ་གྲོང་མིའི་ཆུ་གློག་སོལ་རླངས་ཀྱི་ཚད་འཇལ་དང་གྲོན་བསྡུའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་། རྒྱལ་ཡོངས་ནས་ཆུ་གློག་སོལ་རླངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི་1.4ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་སྒོར་དུང་ཕྱུར་2.35ཙམ་བཏང་བ། ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་བསྒྲགས་སྣ་ཚོགས་ཐེངས་ཁྲི་2.2བྱས་པ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་357.41སྤྲད་པ་བཅས་བརྒྱུད་མང་ཚོགས་ཁྲི་4393ལ་ཕན་པ་ཐོབ་ཡོད་ཅིང་། ལྟ་འདོམས་གནད་སྨིན་དང་། བཅོས་སྒྲིག་ནན་པོ། སྐུལ་འདེད་ཤུགས་ཆེན་བཅས་བྱས་ཏེ། མང་ཚོགས་ལ་དམངས་འཚོ་འགན་སྲུང་གི་འགོག་སྲུང་འཛིང་རག་བརྟན་པོ་བསྐྲུན་པ་རེད། རྩད་ཆོད་པའི་སྒྲིག་འགལ་ངང་གྲོན་དངུལ་བསྡུ་མཁན་ཆུ་གློག་སོལ་རླངས་སྤྱི་སྤྱོད་ཁེ་ལས་ལ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་གྲོན་དངུལ་ཕྱིར་སློག་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་དང་། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་ཁེ་ལས་ལ་སྒོར་དུང་ཕྱུར་3.01ཙམ་ཕྱིར་སློག་པར་ལྟ་སྐུལ་བྱས་ཡོད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་མིའི་ཆུ་གློག་སོལ་རླངས་ཁྱབ་ཁོངས་ཀྱི་ཚད་འཇལ་དང་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ་རྒྱུན་གཏན་གྱི་ལྟ་འདོམས་བྱ་ཡུལ་གྱི་གཙོ་གནད་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།