དབྱི་ལི་ལུང་གཞུང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ།

འདི་ནི་ཡུལ་སྐོར་བ་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
མིག་སྔར་དབྱི་ལི་ལུང་གཞུང་དུ་དཔྱིད་དཔལ་རབ་ཏུ་བཞད་ཡོད་ཅིང་། ཤིན་ཅང་དབྱི་ལི་ཧ་སག་ཁེ་རང་སྐྱོང་ཀྲོའུ་ཤིན་ཡོན་རྫོང་ཐུར་ཀེན་ཤང་གི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་གདོད་མའི་རི་སྐྱེས་ཁམ་བུའི་ནགས་ཚལ་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་སླེབས་ནས། རི་བོ་ཡོངས་ཁམ་བུའི་མེ་ཏོག་གིས་བརྒྱན་ཏེ་མཛེས་ལྗོངས་ལྟ་བས་མི་ངོམས། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གར་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་ནས“ཡུལ་སྐོར+”ཀྱི་ལས་རྣམ་འཕེལ་རྒྱས་བཏང་བས། ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།