པེ་ཅིང་གི་མངག་ཚོང་སྐྱེལ་མཁན་གྱིས་འགྲོ་ཞོར་དུ་པར་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ལ་རམ་འདེགས་བྱེད་པ།
ཉེ་ཆར། པེ་ཅིང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་རྒྱའི་བཟའ་བཅའ་ཉོ་ཚོང་གི་ཕྱོགས་གསུམ་པའི་ལས་སྟེགས་དང་བཟའ་བཏུང་གི་འབྲེལ་ཡོད་ལས་རིགས་མཐུན་ཚོགས་མང་པོ་ཞིག་དང་མཉམ་དུ་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་མངག་ཚོང་སྐྱེལ་མཁན་གྱིས་འགྲོ་ཞོར་དུ་པར་རྒྱག་པའི་མཉམ་དུ་བཅོས་སྐྱོང་བརྗེད་ཐོར་དངོས་སུ་མིང་རྟགས་བཀོད་དེ“ལྟ་འདོམས་ཁྲིད་སྟོན་དང་། ལས་སྟེགས་ཀྱིས་འདེགས་སྐྱོར། མཐུན་ཚོགས་མཉམ་འགུལ། མངག་ཚོང་སྐྱེལ་མཁན་ཞུགས་པ”བཅས་ཀྱི་བཟའ་བཅའི་བདེ་འཇགས་མཉམ་དུ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
བརྗེད་ཐོའི་ནང་ཕྱོགས་ཁག་གིས་མངག་ཚོང་སྐྱེལ་མཁན་ལ་ཁ་ལག་ལེན་པ་དང་སྐྱེལ་བའི་ཞོར་དུ་པར་བརྒྱབ་ནས་བཟའ་བཏུང་ཞབས་ཞུ་ཚན་པའི་ཁྲིམས་འགལ་སྒྲིག་འགལ་གྱི་ཁུངས་སྣེ་དུས་ཐོག་ཏུ་ཐེར་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ“ཞིབ་བཤེར་དང་། བྱ་དགའ་སྤྲོད་པ། མཐོར་གཏོང”བཅས་ཆ་ཚང་བའི་ལས་དོན་སྒྲུབ་སྟངས་ཤིག་ཆགས་པར་བྱེད་པ་དང་། མངག་ཚོང་སྐྱེལ་མཁན་གྱིས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱས་རྗེས་ལས་སྟེགས་ཀྱིས་ཞིབ་དཔྱད་རགས་ཙམ་བྱས་ནས་ཁུངས་སྣེ་ནུས་ལྡན་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པར་བསྐུར་བ་དང་ཐག་གཅོད་བྱས་འབྲས་ལས་སྟེགས་ལ་དུས་གཅིག་ཏུ་ཚུར་ལན་སྤྲོད་པ། དྲ་རྒྱའི་བཟའ་བཅའ་ཉོ་ཚོང་གི་ཕྱོགས་གསུམ་པའི་ལས་སྟེགས་ཁག་གིས་ཆེད་སྤྱོད་མ་དངུལ་སོ་སོར་བཙུགས་ནས་མངག་ཚོང་སྐྱེལ་མཁན་གྱིས་འགྲོ་ཞོར་དུ་པར་བརྒྱབ་སྟེ་མཉམ་དུ་བཅོས་སྐྱོང་བྱེད་པའི་ཐེབས་རྩ་ཐུན་མོང་ཐོག་བཙུགས་ཏེ་དེ་དག་ཚང་མ་ཁུངས་སྣེ་ནུས་ལྡན་ཐེར་འདོན་བྱེད་མཁན་མངག་ཚོང་སྐྱེལ་མཁན་ལ་བྱ་དགའ་སྤྲོད་པར་སྤྱོད་རྒྱུ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།