དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་55འཁོར་བའི་དྲན་གསོའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་55འཁོར་བའི་དྲན་གསོའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤེལ་རེས་ཀྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་ལོ་55ཡི་གོང་། ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་པ་རྒན་རབས་ཚོས་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོར་བརྟེན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་འགྲོ་འོང་གི་སྒོ་མོ་བསྐྱར་དུ་ཕྱེ་སྟེ་སྤོ་ལོ་ཆུང་ཆུང་ལ་བརྟེན་ནས་ཀྲུང་ཨའི་འབྲེལ་བ་འཛུགས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྙན་པོ་བརྩམས་ཡོད། དེ་རིང་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས“ཕིང་ཕང་སྤོ་ལོའི་མཛའ་གཅུགས”ཀྱི་རྒྱུན་མུ་མཐུད་བསྐྱངས་ནས་ལུས་རྩལ་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་ཀྲུང་ཨའི་མཛའ་གྲོགས་བྱ་གཞག་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་རྨང་གཞི་ནི་མི་དམངས་ཀྱིས་འདིང་དགོས་པ་དང་འབྱུང་འགྱུར་ནི་གཞོན་ནུ་ཚོས་གཏོད་དགོས་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་དང་ལྷག་པར་དུ་གཞོན་ནུ་མི་རབས་ཚོས་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། སྤེལ་རེས་མཉམ་ལས་ཁྲོད་ཕན་ཚུན་ཤེས་རྟོགས་དང་མཛའ་གཅུགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཐུན་མོང་ཐོག་མཛའ་གྲོགས་ཀྱི་འབྲེལ་ཐག་དམ་དུ་བཏང་སྟེ་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གོ་དང་ཨ་རི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་55འཁོར་བའི་དྲན་གསོའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤེལ་རེས་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་ཉིན་དེར་པེ་ཅིང་དུ་འཚོགས་པ་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།