སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་དང་མཇལ་འཛོམས་གནང་བ།
ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཛོམས་ལ་ཞུགས་པ།

ཟླ་4ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བ།

ཟླ་4ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བ།
ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་ནས་ཚོགས་པའི་སྣེ་ཁྲིད་དེ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འགོ་ཁྲིད་པ་ལོ་10སོང་རྗེས་སླར་ཡང་ཐུག་འཕྲད་བྱུང་བ་དེ་ཏང་གཉིས་ཀྱི་འབྲེལ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་གཅིག་པ་ཡིན་ཞིང་། སྤུན་ཟླ་ཐའེ་དབན་བ་ཚུད་པའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་སྐྲུན་པ་དང་། ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་རྩོམ་པ། ཐུན་མོང་ཐོག་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་ཤེས་དཔལ་གཏོད་པ། ཐུན་མོང་ཐོག་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་ཡོད་ལ། རྒྱལ་ཁབ་ཀྱི་མངའ་ཁོངས་ཁ་བྲལ་དུ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་རུང་བ། མི་རིགས་ཁ་ཐོར་དུ་འགྲོ་མི་རུང་བ། ཤེས་དཔལ་གྱི་རྒྱུན་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་བཏོད་དེ། ཀྲུང་ཧྭ་མི་རིགས་རང་སྟོབས་རང་སྤེལ་དང་ཀྲུང་ཧྭའི་ཤེས་དཔལ་མ་ཆད་ཡུན་གནས་ལ་ཁྲིད་སྟོན་བྱས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་དུས་བབ་དང་ཐའེ་དབན་མཚོ་འགག་གི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་ལ། ངོགས་གཉིས་ཀྱི་སྤུན་ཟླ་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བ་དང་མཉམ་འཛོམས་བྱེད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མས་ཐའེ་དབན་མཚོ་འགག་གི་ཞི་བདེ་ལྷིང་འཇགས་རེ་སྒུག་དང་། ངོགས་གཉིས་ཀྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་བའི་རེ་སྒུག འཚོ་བ་དེ་བས་མཛེས་སྡུག་ལྡན་པའི་རེ་སྒུག་བཅས་བྱེད་ཀྱི་ཡོད། དེ་ནི་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཞིག་རེད་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་སྒུལ་ཤུགས་ཤིག་ཀྱང་རེད། ང་ཚོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ཀྲུང་གོ་གོ་མིན་ཏང་ཚུད་པའི་ཐའེ་དབན་གྱི་སྲིད་ཏང་ཁག་དང་། ཚོགས་པ་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་མི་སྣ་དང་མཉམ་དུ་སྤེལ་རེས་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་ངོགས་གཉིས་ལ་ཞི་བདེ་ཡོང་བ་དང་། སྤུན་ཟླར་བདེ་རྩ་སྐྲུན་པ། མི་རིགས་བསྐྱར་དར་ཡོང་བ་བཅས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་འདོད་ཡོད།
ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་དགོངས་འཆར་བཞི་བཏོན་གནང་བ་སྟེ།
གཅིག ཡང་དག་པའི་མོས་སེམས་ལ་བརྟེན་ནས་བློ་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ནི་རྩ་བ་དང་འབྱུང་ཁུངས་གཅིག་པ་དང་། རིག་གནས་དང་རིགས་རྒྱུད་གཅིག་པ། ཁྲག་རྒྱུན་གཅིག་པའི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན། ཁྱིམ་ཚང་གཅིག་གི་ནང་མི་མཉམ་དུ་གཤིབ་སྐབས། སྐད་ཆ་ཡོད་ན་ཡག་པོ་ཤོད་པ་དང་དོན་དག་ཡོད་ན་གྲོས་བསྡུར་མང་ཙམ་བྱས་ཚེ། སེལ་མི་ཐུབ་པའི་འགལ་བ་མེད། མི་འདྲ་བའི་སྤྱི་ཚོགས་ཀྱི་ལམ་ལུགས་ནི་ཁ་ཕྲལ་བྱེད་སྤྱོད་སྤེལ་བའི་ཁ་གཡར་ས་མིན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་ལངས་ཕྱོགས་བརྟན་པོར་བསྐྱངས་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་དང་། ཀྲུང་ཧྭའི་རིག་གནས། རླབས་ཆེན་མེས་རྒྱལ་བཅས་ལ་བཅངས་པའི་མོས་སེམས་བརྟན་དུ་བཏང་སྟེ། ཟོལ་མེད་གཞུང་དྲང་གི་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། ངར་ཤུགས་བཅས་ཆེ་རུ་གཏོང་དགོས།
གཉིས། ཞི་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྐམ་ས་ཆེན་པོ་དང་ཐའེ་དབན་གཉིས་ཀ་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ཀྲུང་གོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ཡིན། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཁྱིམ་གཞིས་འདི་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱེད་པའི་རྩ་བ་ནི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པར་ཐུག་པ་དང་། ལྟེ་བ་ནི་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དེ་ཡིན། ནང་བཀྲ་ཤིས་ན་ཕྱིར་དོན་མི་འགྲུབ་པ་མེད། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་འདོད་ཚུལ་ཡིན་ཕྱིན་ང་ཚོས་དགའ་བསུ་ཞུ་རྒྱུ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་དོན་དག་ཡིན་ཕྱིན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་ངེས་ཡིན། “ཐའེ་དབན་རང་བཙན”ནི་ཐའེ་དབན་མཚོ་འགག་གི་ཞི་བདེར་གཏོར་བཤིག་གཏོང་མཁན་གཏེ་པོ་དེ་ཡིན་པས། ང་ཚོས་རྒྱ་ཡན་དུ་གཏན་ནས་གཏོང་གི་མ་རེད་ལ་བཟོད་སྒོམ་ཡང་གཏན་ནས་བྱེད་ཀྱི་མ་རེད། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
གསུམ། སྤེལ་རེས་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་དུ་འཇུག་རྒྱུ་དེ་ཡིན། ང་ཚོས་ངོགས་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྤུན་ཟླ་ཐའེ་དབན་བར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཧུར་ཐག་བྱེད་ཀྱི་ཡིན། མེས་རྒྱལ་སྐམ་ས་ཆེན་པོའི་རི་ཀླུང་མཛེས་ཤིང་ཁྲོམ་ར་རྒྱ་ཆེ་བས། སྤུན་ཟླ་ཐའེ་དབན་བ་རྟག་ཏུ་ཁྱིམ་དུ་ལོག་པར་དགའ་བསུ་ཞུ་རྒྱུ་དང་། ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེན་པོར་སྤེལ་རེས་དང་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ། ཐའེ་དབན་གྱི་ཞིང་ལས་དང་ཉ་ལས་ཐོན་རྫས་དང་སྤུས་ལེགས་ཚོང་ཟོག་སྐམ་ས་ཆེན་པོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འདྲེན་པར་དགའ་བསུ་ཞུ་རྒྱུ་ཡིན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དང་ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ངོགས་གཉིས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་རྒྱ་ཆེར་བཏང་སྟེ། ངོགས་གཉིས་ཀྱི་སྤུན་ཟླ་དབར་གྱི་གཉེན་ཉེའི་བརྩེ་བ་ཟབ་ཏུ་གཏོང་དགོས།
བཞི། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ད་ལོ་ནི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་ཧྭ་དར་རྒྱས་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་བྱེད་པ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོའི་བརྩོན་ལེན་གནང་ས་ཞིག་རེད། ད་ཆ་ང་ཚོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བདེ་བླག་ངང་སྐྱོད་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་ནི་འགོག་ཐབས་བྲལ་བ་ཞིག་རེད། སྤུན་ཟླ་ཐའེ་དབན་བ་དེ་བས་མང་བས་སྐམ་ས་ཆེན་པོའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུར་ངོས་འཛིན་ཡང་དག་ཐུབ་པ་དང་། ཐའེ་དབན་གྱི་འཕེལ་རྒྱས་མདུན་ལམ་ནི་མེས་རྒྱལ་སྟོབས་ཆེན་ལ་ཐུག་པ་དང་སྤུན་ཟླ་ཐའེ་དབན་བའི་ཁེ་ཕན་དང་བདེ་རྩ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཐུག་པའི་ངོས་འཛིན་གཏིང་ཟབ་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ད་ལོ་ནི་སྐམ་ས་ཆེན་པོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་རྒྱ་སྟོབས་ཆེ་རུ་གཏོང་འདོད་ཡོད། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དགེ་མཚན་ལྡན་པའི་མཉམ་འགུལ་རྒྱུན་འཁྱོངས་བྱེད་པ། ངོགས་གཉིས་ཀྱི་སྤུན་ཟླའི་དབར་མཐུན་སྒྲིལ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པ་བཅས་རེད།
ཀྲེང་ལི་ཝུན་གྱིས་གསུངས་དོན། ངོགས་གཉིས་ཀྱི་མི་དམངས་རྣམས་ཡན་ཧོང་གི་བུ་རབས་ཚ་རྒྱུད་ཡིན་པ་དང་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས། ཚང་མར་ཀྲུང་ཧྭའི་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་ཡོད། ཚང་མ་ཀྲུང་གོ་བ་ཡིན་ལ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ལག་གདང་སྦྲེལ་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བཏོན་གནང་བའི་ཀྲུང་ཧྭ་དར་རྒྱས་གཏོང་བའི་དགོངས་པར་སྐུལ་འདེད་གཏོང་དགོས། གོ་མིན་ཏང་དང་གུང་ཁྲན་ཏང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་མཐུད་ལས་སྟེགས་ཀྱི་ནུས་པ་འདོན་པ། ཀྲུང་ཧྭའི་ལོ་རྒྱུས་སྲུང་སྐྱོང་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་ལ་གཞོལ་བ། ངོགས་གཉིས་ཀྱི་དམངས་ཁྲོད་དང་། གཞི་རིམ། དཔལ་འབྱོར་ཚོང་དོན། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། གཞོན་ནུའི་སྤེལ་རེས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱི་ཐུན་མོང་བདེ་རྩ་ཆེ་རུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་དགོས།
ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།