ཁམ་ཕུ་ཁྲེས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། ཁམ་ཕུ་ཁྲེའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་ཚབ་ཧུང་སེན་གྱིས་བཀའ་ཁྲིམས་ལ་མིང་རྟགས་བཀོད་ནས《གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཤིང་། བཀའ་ཁྲིམས་ལ་དེ་མུར་ནུས་པ་ཐོན་ཡོད།
བཀའ་ཁྲིམས་དེར་ཟླ་4ཚེས་3ཉིན་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་མཐའ་མའི་ཆོག་མཆན་ཐོབ་ཅིང་། དེའི་ནང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཚོགས་པ་སྒྲིག་འཛུགས་སམ་ཡང་ན་དེའི་འགོ་ཁྲིད་བྱེད་པ་དང་། མི་གཞན་བསྡུ་བའམ་ཡང་ན་གསོ་སྦྱོང་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་སོཌ་ཉེས་མིང་གཙོ་བོ་5ཚུད་ཡོད། བཅའ་ཁྲིམས་དེར་གཞིགས་ན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ཞུགས་ཚེ་ལོ་2ནས་5བར་བཙོན་འཇུག་དང་དངུལ་ཆད་གཏོང་རྒྱུ་དང་། གལ་སྲིད་ཁ་བསླུས་རྒྱག་པའི་བྱེད་སྤྱོད་དེ་དྲག་ཤུཌ་དང་། ཁྲིམས་འགལ་ངང་བཀག་ཉར་བྱེད་པ། མི་འདྲེན་འཚོང་བྱེད་པ། ཐ་ན་མི་ཤི་རྐྱེན་བཟོ་བ་བཅས་དང་འབྲེལ་བ་ཡོད་ཚེ་ཁ་བསླུས་རྒྱག་མཁན་ཚོཌ་པའི་འགོ་གཙོར་ཚེ་གང་བཙོན་འཇུག་གི་ཁྲུན་ཐག་གཅོད་ཆོག་གི་ཡོད།
ཁམ་ཕུ་ཁྲེས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ནས་སྤྱི་ཚོགས་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།