ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་འཛམ་གླིང་གི་གོ་སྐབས་ཡིན།

ལུའུ་དབྱི·ལུའོ་ལི་ཏུའོ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་མ་ཟད། འཛམ་གླིང་ལ་མཉམ་ལས་ཀྱི་གདན་ཞུ་གསལ་པོ་ཡང་བྱས་ཡོད་པས་ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཀུན་ཕན་བསྟུན་མཁས་དང་ཐུན་མོང་དར་རྒྱས་ཀྱི་སྣེ་མང་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་དང་ཆོད་སེམས་སླར་ཡང་མངོན་ཡོད།
ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་མ་ཟད། འཛམ་གླིང་ལ་མཉམ་ལས་ཀྱི་གདན་ཞུའང་གསལ་པོ་བྱས་ཡོད་པས། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཀུན་ཕན་བསྟུན་མཁས་དང་ཐུན་མོང་དར་རྒྱས་ཀྱི་སྣེ་མང་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་དང་ཆོད་སེམས་སླར་ཡང་མངོན་ཡོད།
ཀྲུང་གོས་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དང་མཉམ་ལས་བྱས་པ་ནི་ཀྲུང་གོའི་ཕྱི་ཕྱོགས་མཉམ་ལས་ཀྱི་འདུ་ཤེས་དང་ལག་ལེན་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་ཞིག་རེད། ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཁག་ནི་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ། མེ་གླིང་ལྷོ་མ་བཅས་སུ་ཁྱབ་ཡོད། ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་ལེགས་ཆར་རང་སོ་སོའི་ཁྱད་ཆོས་ལྡན་ཡང་། ཚང་མ་ཀྲུང་གོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རོགས་ཟླ་ཡིན། ཉེ་བའི་ལོ་ཤས་རིང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཞག་ནས་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་རྒྱ་ཆེ་ཤོས་ཡིན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ཐོག་མཐའ་བར་གསུམ་དུ་གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ལ་ཐུན་མོང་འཕེལ་རྒྱས་གཏོང་བར་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད།
ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཕྱེད་ཀ་ལྷག་ཙམ་ཨ་ཧྥེ་རི་ཁར་གནས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དབར་གྱི་མཉམ་ལས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་ཡོངས་ཀྱི་སྲོལ་རྒྱུན་གྱི་མཛའ་གྲོགས་སམ་མཉམ་ལས་རྒྱ་ཁྱབ་དང་གཅིག་རྒྱུན་གཅིག་འཛིན་བྱུང་ཡོད།
ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སྔོན་ཆད་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཨ་ཧྥེ་རི་ཁའི་མི་དམངས་དང་མཉམ་དུ་ལངས་ཏེ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་ལ་སྐུལ་འདེད་གཏོང་སྐབས་རང་ངོས་ཀྱི་འཕེལ་རྒྱས་གཏོང་སྟངས་དེ་གཞན་ལ་བཙན་འགེལ་མི་བྱེད་པ་དང་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མ་བྱས་པར་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རང་བརྟེན་གདམ་གར་བརྩི་འཇོག་དང་། དེའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། མ་རྩ་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་བ་བཅས་བྱས་ནས་ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་རང་རྟེན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་ཡོད།
ཡོ་རོབ་རྒྱལ་ཁབ་ཁག་གིས་ཀྱང་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་སྔོག་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ནི་ཕན་ཚུན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་ཡིན་པས། ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་ཟབ་པ་དང་དཔལ་འབྱོར་གསབ་རེས་རང་བཞིན་ཆེན་པོ་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ཀྱིས་གང་སར་འུར་སྒྲོག་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོའི་ཚོང་དོན་དུས་བབ་བརྟན་པོ་མེད་ནའང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཁྲོམ་ར་ཆེན་པོ་ཞིག་ཡིན་པས། ཡོ་རོབ་བརྟན་ལྷིང་འཕེལ་རྒྱས་འགྲོ་བར་གལ་འགངས་ཧ་ཅང་ཆེན་པོ་ཡོད། ཡོ་རོབ་ཀྱིས“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་རྩ་གནད་ནང་ཚུད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོ་དང་ལག་གདང་སྦྲེལ་ནས་གཉིས་ཕན་གཉིས་ཁེའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
(རྩོམ་པ་པོ་ནི་ཕོར་ཐིའུ་ཀལ་རིག་མཛོད་ཀྱི“ཀྲུང་གོའི་ལྟ་ཞིབ”ཀྱི་ཀྲུའུ་ཞི་ཡིན)
འབྲེལ་ཡོད་གསར་འགྱུར།