དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་ཐབས་རིག་ནུས་ཀྱིས་བཟོ་ལས་ཅན་གསར་པར་སྐུལ་འདེད་དེ་བས་ལེགས་པ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅུས་ཡུན་ཕེང་།   |     སྤེལ་དུས།  2026-04-11

    “ལག་ཐོགས་ཁ་པར་ནས་མི་ཐབས་རིག་ནུས་མཉེན་ཆས་ལ་དྲི་བ་འདོན་སྐབས། གལ་ཏེ་AIཡིས་སྤྱོད་མཁན་ལ་ནོར་འཁྲུལ་གྱི་ལན་བཏབ་ན། ད་དུང་བརྟག་བཤེར་བྱེད་ཐབས་ཡོད་མོད། འོན་ཀྱང་དེ་དང་འདྲ་བའི་གནས་ཚུལ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྒྲུབ་རིམ་དུ་ཐོན་ཚེ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་ངེས་རེད”ཅེས་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་གློག་ལས་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཧྥན་གྱིས་རང་ཉིད་ཀྱི་བསམ་ཚུལ་བཏོན།

    གློག་ལས་སྒྲིག་ཆས་ཐོན་སྐྱེད་བཟོ་སྐྲུན་ལས་རིགས་སུ་ལས་ཀ་བྱས་ནས་ལོ་20ཙམ་སོང་བའི་ཀྲང་ཧྥན་སྒྲིག་ཆས་རྩེ་གྲ་མང་པོའི་ཞིབ་འཇུག་གསར་སྤེལ་ཇུས་འགོད་ནང་ཞུགས་མྱོང་ཡོད། ལོ་གཉིས་ཀྱི་གོང་དུ། དཔེ་དབྱིབས་ཆེན་པོ་དང་། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས། གཟུགས་ཅན་རིག་ནུས་སོགས་ཀྱིས་མཚོན་པའི་མི་ཐབས་རིག་ནུས་ལག་རྩལ་རྒྱུན་ཆད་མེད་པར་རིམ་འགྱུར་ཇེ་མགྱོགས་སུ་ཕྱིན་ནས་སྔར་བྱུང་མ་མྱོང་བའི་མྱུར་ཚད་དང་ཁྱབ་རྒྱ་ཆེན་པོས་ལས་རིགས་སྟོང་ཕྲག་མང་པོར་ཁྱབ་སྟེ་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བཞིན་པ་ཁོང་ལ་དོ་སྣང་བྱུང་ཡོད།

    “ངས་བརྟག་ཞིབ་བྱེད་སྐབས་མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་ཤེས་བྱུང་། རྒྱལ་ཁབ་ཀྱིས་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཁ་ཤས་བཏོན་ནས‘མི་ཐབས་རིག་ནུས+བཟོ་སྐྲུན་ལས་རིགས’འཕེལ་རྒྱས་ལ་ཁྲིད་སྟོན་བྱས་མོད། འོན་ཀྱང་བཟོ་སྐྲུན་ལས་རིགས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་མང་བ་དང་ལས་རིགས་ཁག་གི་རྨང་གཞི་མི་འདྲ་ལ། ཁེ་ལས་དང་སྒྲིག་གཞི་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ལས་རིགས་ཀྱི་ཐད་ཀའི་དཔེ་དབྱིབས་ཆེ་བ་དང་ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུགས་སྐྲུན་ནང་ཞུགས་པས། ཐོན་ཁུངས་ཁ་ཐོར་དང་སྤུས་ཚད་མཐོ་པོ་མེད་པ་དང་ཆབས་ཅིག་འབྲེལ་ཡོད་ཀྱི་ཤེས་ལྡན་མི་སྣ་ཡང་དཀོན་པོ་ཡོད། དེ་ལས་ཀྱང་གལ་འགངས་ཆེ་ཤོས་ནི་སྤུས་ཚད་མཐོ་བའི་བཟོ་ལས་ཀྱི་གྲངས་གཞི་ཉུང་བ་དང་མཉམ་སྤྱོད་བྱེད་དཀའ་བ་དེས་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་སྦྱོང་བརྡར་གྱི་ལས་ཕྱོད་དང་ཀུན་ཁྱབ་ཅན་གྱི་ནུས་པར་ཚོད་འཛིན་ཕོག་ཡོད”ཅེས་ཀྲང་ཧྥན་གྱིས་བརྗོད།

    གནད་དོན་དེ་དག་ལ་དམིགས་ནས་ཀྲང་ཧྥན་གྱིས《བཟོ་སྐྲུན་ལས་རིགས་དང་མི་ཐབས་རིག་ནུས་མཉམ་འདྲེས་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》བྲིས་ནས་2025ལོར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཁབ་ཀྱིས་གློག་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིཌ་སོགས་ལས་རིགས་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཆར་འགོད་གང་མགྱོགས་བཟོ་བ་དང་། ལས་རིགས་ཀྱི་མི་ཐབས་རིག་ནུས་གསར་གཏོད་ལྟེ་གནས་མཉམ་སྐྲུན་བྱེད་པ། ལས་རིགས་ཀྱི་ཐད་ཀའི་དཔེ་དབྱིབས་ཆེན་པོ་མཉམ་དུ་གཏོད་པ། ཐབས་མང་མཉམ་སྤྱོད་ཀྱིས་སྤུས་ཚད་མཐོ་བའི་བཟོ་ལས་གྲངས་གཞིའི་སྐྱེ་ཁམས་མཉམ་སྐྲུན་བཅས་བྱས་ཏེ་མི་ཐབས་རིག་ནུས་མཉམ་འདུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

    “རྩེ་རིམ་ཇུས་འགོད”དེ་བཏོན་པ་དེས་མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་ཀྲང་ཧྥན་གྱིས་བརྗོད་ཅིང་། ཁོང་གིས་ཀྱང་བསམ་འཆར་དོན་འཁྱོལ་བྱེད་པར་མུ་མཐུད་དོ་ཁུར་བྱས་ཏེ་མི་ཐབས་རིག་ནུས་ལག་རྩལ་གྱིས་ཕྱོགས་ཡོངས་དང་། གཏིང་ཟབ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བཟོ་ལས་ཅན་གསར་པར་མཐུན་རྐྱེན་སྦྱོར་ཐུབ་པའི་རེ་བ་བཅངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།