དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས“ངེས་པར་དུ་བྱེད་དགོས་པ་བཅུ”དང“བྱེད་མི་ཆོག་པ་བཅུ”བཀྲམ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-11

    “སློབ་གྲྭའི་ཟ་མ”ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་དང་ཕན་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། སློབ་གྲྭའི་ཟ་ཁང་གི་འཐབ་ས་དང་པོའི་ལས་དོན་པའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ། ལས་གཉེར་མི་སྣའི་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི“ངེས་པར་དུ་བྱེད་དགོས་པ་བཅུ”》དང《སློབ་གྲྭའི་ཟ་ཁང་གི་ལས་དོན་པའི“བྱེད་མི་ཆོག་པ་བཅུ”》བཀྲམ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་རགས་སྔར་བས་བརྟན་དུ་བཏང་སྟེ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    《སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ངེས་པར་དུ་བྱེད་དགོས་པ་བཅུ》ཡིི་ནང་ངེས་པར་དུ་བཅའ་ཁྲིམས་ལྟར་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ལེན་དགོས་པ་དང་། ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ། ངེས་པར་དུ་ཟ་ཁང་གི་ལས་གཉེར་མི་སྣའི་བདེ་ཐང་དོ་དམ་དང་གསོ་སྦྱོང་དཔྱད་ཞིབ་ནན་པོ་བྱེད་དགོས་པ། ངེས་པར་དུ་གཏན་འབེབས་ལྟར་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་ནན་པོ་བྱེད་དགོས་པ། ངེས་པར་དུ་ཚོང་ཟོག་ཉོ་བའི་ཞིབ་བཤེར་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་དགོས་པ། ངེས་པར་དུ་ཉེན་ཁ་ཆེ་བའི་བཟའ་བཅའ་བཟོ་འཚོང་གཏན་འགོག་ནན་པོ་བྱེད་དགོས་པ། ངེས་པར་དུ་གཏན་འབེབས་ལྟར་དུག་སེལ་བཟའ་བཏུང་ཡོ་བྱད་གཙང་ཁྲུས་ནན་པོ་བྱེད་དགོས་པ། ངེས་པར་དུ་ཟས་རོགས་ལམ་ལུགས་དེ་རྣམ་པ་ཙམ་དུ་མི་འགྱུར་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་གཏན་འབེབས་ལྟར་བཟའ་བཅའི་བདེ་འཇཌ་ཀྱི་ལས་འཛོལ་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཅུ་བཏོན་ཡོད་པ་རེད།

    《སློབ་གྲྭའི་ཟ་ཁང་གི་ལས་དོན་པའི“བྱེད་མི་ཆོག་པ་བཅུ”》ཡི་ནང་ནུས་ལྡན་གྱི་བདེ་ཐང་དཔང་ཡིག་རག་མེད་པའི་མི་སྣས་ཐད་ཀར་བཟའ་བཅའ་དང་འབྲེལ་འདྲིས་ཀྱི་ལས་ཀ་བྱེད་མི་ཆོག་པ་དང་། དག་གཙང་གི་ལས་སྒྲུབ་གྱོན་གོས་དང་ཞྭ་མོ་དང་ཁ་རས་མ་གྱོན་པ་དང་དེ་བཞིན་ལག་པ་གཙང་མར་མ་བཀྲུས་པར་བཟའ་བཅའ་ལས་སྣོན་བྱེད་མི་ཆོག་པ། རྗེན་པ་དང་བཙོས་མ་མཉམ་དུ་མི་འཇོག་པ་དང་ཡོ་བྱད་མཉམ་དུ་སྤྱོད་མི་ཆོག་པ། གཙང་ཁྲུས་དང་དུག་སེལ་མ་བྱས་པའམ་ཡང་ན་དུག་སེལ་མཐར་ཕྱིན་པ་མ་བྱས་པའི་བཟའ་བཏུང་ཡོ་བྱད་དང་སྣོད་ཆས་སྤྱོད་མི་ཆོག་པ། བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་གསང་ནས་མི་ཞུ་བ་དང་། རྫུན་ཞུ། འགྱངས་ཞུ་བཅས་བྱེད་མི་ཆོག་པ། ཚད་མི་ལོན་པའི་བཟའ་བཅའམ་ཡང་ན་འབྲེལ་ཡོད་དཔང་རྟགས་སྦས་སྐུང་དང་། རྫུན་བཟོ། རྩ་བརླག སྤོ་སྒྱུར་བྱེད་མི་ཆོག་པ་སོགས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།