ཅིང་ཅིན་ཅི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་ལོ་བཅུ་གཉིས་ནང་ལྡབ་གཅིག་ལྷག་ཙམ་འཕར་བ།
ཧོ་པེ་ཧྲི་ཅ་ཀྲོང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ལྕགས་ལམ་པེ་ཅིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ནས་ལོ་12སོང་ཚུན། ཅིང་ཅིན་ཅི་ལྕགས་ལམ་དྲ་བའི་བཀོད་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། ས་ཁོངས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་2013ལོའི་ལོ་མཇུག་གི་སྤྱི་ལེ་1284ནས་2025ལོའི་ལོ་མཇུག་གི་སྤྱི་ལེ་2675བར་རིང་དུ་ཕྱིན་ནས་ལྡབ་གཅིག་ལྷག་ཙམ་འཕར་ཡོད་པ་རེད།
ཅིང་ཅིན་ཅི་ས་ཁུལ་གྱིས་ཅིང་ཅིན་དང་། ཅིང་ཞུང(ཧྲི) ཅིང་ཐང་། ཅིན་ཞུང་བཅས་ཀྱི་ལྟེ་བའི་སྒྲོམ་གཞིར་བྱས་ཏེ། ཐའེ་ཡོན་དང་། ཀྲེང་ཀྲོའུ། ཅི་ནན། ཧྲེན་དབྱང་། ཧུའུ་ཧོ་ཧའོ་ཐེ་སོགས་ཕྱོགས་བརྒྱད་ཀྱི“ལྟེ་བ་བཞི་དང་ཕྱོགས་བརྒྱད་ལ་ཁྱབ་པའི”ལྕགས་ལམ་དྲ་བའི་བཀོད་པ་རིམ་བཞིན་ཆགས་པར་བྱས་པས། ཅིང་ཞུང་ཅིན་པའོ་ཡི“ཆུ་ཚོད་0.5ནས་1བར་གྱི་འགྲིམ་འགྲུལ་འཁོར་རྒྱ”བརྟན་པོ་ཞིག་དང་གྲོང་ཁྱེར་གཙོ་བོའི་དབར་ཆུ་ཚོད་2ནང་འབྱོར་བའི་འགྲིམ་འགྲུལ་འཁོར་རྒྱ་ཞིག་གཞི་རྩའི་ཆར་གྲུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།