2025ལོར་རང་རྒྱལ་གྱི་མྱུར་སྐྱེལ་ཞབས་ཞུའི་ས་ཁོངས་འཕེལ་རྒྱས་དེ་བས་མཐུན་སྦྱོར་ཡོད་པ།
གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་བསྐུར་མ་གནད་འཁེལ་ངང་སྐྱེལ་ཚད་87%ཟིན་པ།
ཚེས་8ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་2025ལོའི་མྱུར་སྐྱེལ་ཞབས་ཞུའི་བློ་ཡིད་ཚིམ་ཚད་དང་དུས་བཀག་ནང་སྐྱེལ་ཚད་ཀྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། བརྟག་དཔྱད་ལས་མངོན་པར། 2025ལོར་མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་བློ་ཡིད་ཚིམ་ཚད་སྐར་གྲངས་85.0ཟིན་པ་དེ་དུས་མཚུངས་ལས་སྐར་གྲངས་0.4འཕར་ཡོད། དེའི་ནང་མྱུར་སྐྱེལ་ཞབས་ཞུ་ས་ཚིགས་སུ་མངགས་ཐོ་འགོད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཐུམ་སྒྲིལ། དེ་བཞིན་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་དམིགས་ཚད་ལ་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དེ་ཐོག་ནས། རང་རྒྱལ་གྱིས་སྐུར་སྐྱེལ་ཤར་བགྲོད་དང་མྱུར་སྐྱེལ་གསང་སྲུང་ཞབས་ཞུ་སོགས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཡོད།
སྐུར་སྐྱེལ་དུས་ཡུན་ནས་བལྟས་ན། བརྟག་དཔྱད་ལས་མངོན་པར། 2025ལོར། རྒྱལ་ཡོངས་ཀྱི་གཙོ་གནད་ས་ཁུལ་གྱི་མྱུར་སྐྱེལ་ཞབས་ཞུའི་ལམ་ཐིག་ཧྲིལ་པོའི་ཆ་སྙོམས་དུས་ཚད་ཆུ་ཚོད་51.22ཡིན་པ་དེ་དུས་མཚུངས་ལས་ཆུ་ཚོད་2.66ཐུང་དུ་ཕྱིན་ཡོད། ཆུ་ཚོད་72ནང་སྐྱེལ་ཚད་87.04%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.09འཕར་ཏེ། རྨང་གཞིའི་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་སོང་བ་དང་མི་མེད་ལག་རྩལ་ཁྱབ་གདལ་མགྱོགས་པོ་ཕྱིན་པ་སོགས་དང་བསྟུན་ནས། མྱུར་སྐྱེལ་ཕན་འབྲས་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།
ཞབས་ཞུའི་ས་ཁོངས་ནས་བལྟས་ན། 2025ལོར། ནུབ་རྒྱུད་ས་ཁོངས་ཀྱི་གྲོང་ཁྱེར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པ་ལས“དྲ་ཚོང་ནུབ་སྐྱོད”མགྱོགས་སུ་ཕྱིན་པ་དང“སྐུར་གླ་མི་དགོས་པའི་ས་ཁུལ”གྱི་ཁྱབ་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས། རང་རྒྱལ་གྱི་མྱུར་སྐྱེལ་ཞབས་ཞུའི་ས་ཁོངས་འཕེལ་རྒྱས་ཀྱང་དེ་བས་མཐུན་སྦྱོར་ཡོད་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།