ཟླ་བ་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་11.33སྐྱེལ་འདྲེན་བྱས་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ལྕཌ་ལམ་ནས་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་དུང་ཕྱུར་11.33སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.5%འཕར་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་12072བཏང་བ་དེ་དུས་ཚུངས་ལས་7.1%འཕར་ཡོད།
ཟླ་བ་དང་པོ་ནས་གསུམ་པའི་བར། དཔྱིད་ཀར་ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་འགྲུལ་པའི་དགོས་མཁོ་དང་འཚམ་ཆེད། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་ཡུལ་སྐོར་མེ་འཁོར་ཐེངས་གྲངས་627བཏང་ཡོད། “དོམ་ཁྲའི་ཆེད་གཏོང་མེ་འཁོར”དང་། “ཐེན་ཅིན་ལ་ཡུལ་སྐོར་དུ་འགྲོ་བའི་མེ་འཁོར” “མགྲོན་པོར་སེམས་རྩ་འཁོལ་བའི་ཧྲན་ཏུང·ཆི་ལུའུ་ཨང་དང་པོ་རྟགས་ཅན” “ལུང་ཅང་གི་རྒན་རྒོན་ཡུལ་སྐོར་མེ་འཁོར” “ཕུགས་འདུན་དོན་གཉེར་གྱི་དར་གོས་ལམ་བུ”སོགས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མེ་འཁོར་གྱིས་ཡུལ་སྐོར་དཔལ་འབྱོར་དང་། དབུ་དཀར་དཔལ་འབྱོར། གངས་འཁྱགས་དཔལ་འབྱོར་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།