ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་2026ལོའི་དཔྱིད་རྨོད་དཔྱིད་འདེབས་འགོ་ཚུགས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་2026ལོའི་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགོ་ཚུགས་མཛད་སྒོ་རང་གྲུབ་ཤང་དུ་སྤེལ་ཏེ། ཞིང་པ་ཚོས་སོ་ནམ་དུས་ཚོད་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད།
“ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྫོང་སྲིད་གཞུང་གིས་ང་ཚོར་སྤུས་ལེགས་ས་བོན་སྤྲད་པ་མ་ཟད། ས་བོན་དེ་དག་ས་གནས་དེ་གར་འདེབས་པར་ཧ་ཅང་འཚམ་པོ་འདུག་པས་ཚང་མའི་སོན་འདེབས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་བྲག་གཡབ་རྫོང་རང་གྲུབ་ཤང་རང་གྲུབ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཚེ་རིང་རྣམ་རྒྱལ་གྱིས་བཤད།
ཐེངས་འདིའི་དཔྱིད་རྨོད་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་དེས་བྲག་གཡབ་རྫོང་གི་2026ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཞིང་། ད་ལོ་ཚུན་དུ། བྲག་གཡབ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་པ་དང་ཆབས་ཅིག སོ་ནམ་དུས་ཚོད་ལ་དམ་འཛིན་དང་། མཁོ་སྤྲོད་ལ་འགན་ལེན། ཞབས་ཞུ་ལེགས་གཏོང་། སྤུས་ཚད་མཐོར་འདེགས་བཅས་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དམག་འཐབ་དང་པོ་ཡག་པོ་བརྒྱབ་ནས་ཞིང་ལས་ཀྱི་ཐོན་ཚད་བརྟན་པོ་འཕར་བ་དང་ཞིང་པའི་ཡོང་འབབ་བརྟན་པོ་འཕར་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།
བྲག་གཡབ་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས“མིག་སྔར་རྫོང་ཡོངས་སུ་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་གཏོང་འདྲེན་ཚང་མ་དམིགས་སར་འབྱོར་ཡོད། བསྡོམས་རྩིས་བརྒྱབ་ན། རྫས་ལུད་ཏུན690དང་ནས་སོན་རྒྱ་མ་ཁྲི22.85སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་དངོས་པོའི་རྨང་གཞི་བརྟན་པོ་འདིང་ཡོད། རྫོང་ཡོངས་སུ་ས་ཞིང་མུའུ་ཁྲི5.1འདེབས་པའི་འཆར་གཞི་ཡོད་པར་ད་ཆ་25%བཏབ་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ4པའི་ཟླ་མཇུག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཕྱོགས་ཡོངས་ནས་གྲུབ་ཟིན་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།