དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྡེ་ཚན་མང་པོ་དང་མཉམ་དུ།

    ལྗོངས་ཡོངས་ཀྱི《ནག་ཆུའི་དབྱར་རྩྭ་དགུན་འབུའི་གནས་རྟགས་ཐོན་རྫས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ》ཐོག་མ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-11

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་དུ་ལྗོངས་ཡོངས་ཀྱི《ནག་ཆུའི་དབྱར་རྩྭ་དགུན་འབུའི་གནས་རྟགས་ཐོན་རྫས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ》ཐོག་མ(གཤམ་དུ“ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ”ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ། ནག་ཆུའི་དབྱར་རྩྭ་དགུན་འབུའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་སྲུང་བཅད་བསྐྲུན་ཡོད།

    སྲོལ་ཡིག་ནི“སྒྲོམ་གཞི”ལྟ་བུ་དང་། ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ་ནི“སྤུ་གྲི”ལྟ་བུ་རེད། 2025ལོའི་ཟླ་5ཚེས་1ཉིན《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཤིང་། དེའི་རྨང་གཞིའི་ཐོག་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་དུ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད། ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས། དབྱར་རྩྭ་དགུན་འབུ་ཐོན་ཡུལ་གཙོ་བོ་6གི་འབྲེལ་ཡོད་ཁྲིམས་ཁང་གིས་དང་ལེན་ཧུར་ཐག་ཞུས་པ་དང་དྲིལ་བསྒྲགས་ལ་སྐུལ་འདེད་བཏང་བས་ས་ཁོངས་ཧྲིལ་པོར་ཁྱབ་ཡོད་པ་རེད།

    ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ་དོན་འཁྱོལ་བྱེད་པར་མང་ཚོགས་ཀྱིས་ཁས་ལེན་དང་ཤེས་རྟོགས་ཐུབ་དགོས་ཀྱི་ཡོད། ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དབྱར་རྩྭ་དགུན་འབུ་ཐོན་ཡུལ་གཙོ་བོར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ་བཏོན་པའི་རྒྱབ་ལྗོངས་དང་། དེའི་དོན་སྙིང་གཙོ་བོ། སྲུང་སྐྱོང་གི་སྙིང་པོ་བཅས་གསལ་འགྲེལ་བྱས་ཏེ་མང་ཚོགས་ཀྱིས“སྲུང་སྐྱོང་བྱེད་དོན་དང་། གང་ཞིག་སྲུང་སྐྱོང་བྱེད་པ། སྲུང་སྐྱོང་ཇི་ལྟར་བྱེད་པ”བཅས་གསལ་པོ་ཤེས་སུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།