དུས་བཟང་དམ་འཛིན་བྱས། ཤིང་འཛུགས་ལས་ལ་བྲེལ།

འདི་ནི་ལྷུན་གྲུབ་རྫོང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དགའ་ལྡན་ཆོས་འཁོར་གྲོང་རྡལ་རྒྱུད་རོང་གྲོང་ཚོར་ཤིང་འཛུགས་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཚེ་མཆོག་གླིང་དུ་དཔྱིད་དུས་ཀྱི་ཤིང་འཛུགས་བྱེད་སྒོར་ཞུགས་བཞིན་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་2026ལོའི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཆ་ཁག་གིས་དཔྱིད་དུས་ཀྱི་ཤིང་འཛུགས་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ནས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོར་སྔོ་ལྗང་གི་གོས་བཟང་བཀླུབས་དང་ཀླུབ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།