ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་7153ལྷག་ཙམ་ཟིན་པ།
ཉེ་བའི་ལོ་ཤས་རིང། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་མཐུན་རྐྱེན་སྦྱོར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། འཁོར་སྐྱོད”བཅས་གཞི་གཅིག་ཅན་གྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་7153.523ཟིན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན(མཐུད་འཛུགས)རྣམ་གྲངས་ཁག་10གནད་སྨིན་ལག་ལེན་བསྟར་བ་དང་། གསར་སྐྲུན(རྒྱས་སྐྲུན)གྱི་ལམ་ཐག་སྤྱི་ལེ་280ལྷག་ཙམ་ཟིན་པ་དེ་2024ལོའི་ལོ་མཇུག་ལས་སྤྱི་ལེ་131.667འཕར་ནས་སྲིད་འཛིན་གྲོང་ཚོ་23ལ་མཁྲེགས་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཞིང་། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་7153.523ཟིན་ནས་ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་ལ་ཤར་གཏོང་ཐུབ་ཚད་དང་དེ་བཞིན་ཆ་རྐྱེན་འཛོམས་པའི་ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།