དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བརྡ་ཁྱབ་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-10

    ཚེས་7ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་བྱ་གཞག་ཚན་པ་དང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ལས་ཐོག་མར་བརྒལ་ཏེ། སྒོར་དུང་ཕྱུར་20502.1ཟིན་པ་དེ་2020ལོའི་ཡོང་འབབ་བསྡོམས་འབོར་གྱི་ལྡབ་གཅིག་འཕར་ནས་ལོ་རེར་ཆ་སྙོམས་16.8%འཕར་ཡོད་པ་རེད།

    གྲངས་འཛིན་དང་རིག་ནུས་ཀྱི་ལག་རྩལ་དེ་བརྡ་ཁྱབ་ཐོན་ལས་འཕར་བའི་སྒུལ་ཤུགས་སུ་གྱུར་ནས་ཐོན་ལས་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་དྲ་སྦྲེལ་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་13574.3ཟིན་པ་དེ་དུས་མཚུངས་ལས་34.6%འཕར་ཏེ། བརྡ་ཁྱབ་ལས་སྒོའི་ཡོང་འབབ་ཧྲིལ་པོའི་ནང་བཟུང་ཚད་66.2%ཟིན་གྱི་ཡོད། བརྡ་ཁྱབ་ཡོངས་བསྒྲགས་བྱེད་པའི་བརྒྱུད་རིམ་ནས་བལྟས་ཚེ། དྲ་སྦྲེལ་བརྡ་ཁྱབ་ཡོངས་བསྒྲགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་12518.4ཟིན་པ་དེས་སྨྱན་སྦྱོར་སྣ་ཚོགས་ཀྱི་བརྡ་ཁྱབ་ཡོངས་བསྒྲགས་ཀྱི་ཡོང་འབབ་ནང་བཟུང་ཚད་89.1%བར་འཕར་ཡོད།

    བརྡ་ཁྱབ་ལས་རིགས་གཉེར་སྐྱོང་བྱེད་པོའི་གཞི་ཁྱོན་དང་ཕན་འབྲས་གཉིས་ཀ་ཆེ་རུ་ཕྱིན་ཡོད། མིག་སྔར་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1ཡན་ཟིན་པའི་གཉེར་སྐྱོང་བྱེད་པོ་ཁག་1400ལས་བརྒལ་ནས་ཁེ་སྤོགས་དང་དཔྱ་ཁྲལ་གྱི་བསྡོམས་འབོར་བརྟན་པོའི་ངང་འཕར་ཞིང་། དེའི་ནང་མདུན་གྲལ་ཁེ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་ཀྱི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་འཕར་ཚད་36.1%ལས་བརྒལ་ནས། ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ས་ཁོངས་འཕེལ་རྒྱས་གཏོང་བའི་ཐད། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་སྐས་རིམ་འཕེལ་རྒྱས་ཀྱི་རྣམ་པ་དེ་བས་དོ་སྙོམས་བྱུང་ཡོད། རྒྱལ་ཡོངས་སུ་ཞིང་ཆེན་19ཡི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་100ལས་བརྒལ་བའི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་14041.8ཟིན་པ་དང་། དེས་རྒྱལ་ཡོངས་སྤྱི་འབོར་གྱི་68.5%བཟུང་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5.5ཆག་ནས་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།