ན་ནིང་ཁྲོམ་ཞུགས་འགན་བཅོལ་ཁེ་ལས་ལྔ་ཡི་ཡོང་འབབ་ཁེ་གཙང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཉེ་ཆར། མ་རྐང་Aཡི་ཁྲོམ་ཞུགས་འགན་བཅོལ་ཀུང་སི་ལྔ་ཡིས་2025ལོའི་ལོ་འཁོར་གྱི་གྲུབ་འབྲས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། ན་ནིང་། ཀྲུང་གོ་མི་དམངས་འགན་བཅོལ་དང་། ཀྲུང་གོ་སྲོག་རྟེན་འགན་བཅོལ། ཀྲུང་གོ་དུས་བདེ། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་པོ་འགན་བཅོལ། ཤིན་ཧྭ་འགན་བཅོལ་བཅས་ཀྱི་ཀུང་སི་ཨ་མར་བདག་པའི་ཡོང་འབབ་ཁེ་གཙང་དངུལ་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
མ་རྩའི་ཕྱོགས་སུ་ཁྲོམ་ཞུགས་འགན་བཅོལ་ཁེ་ལས་ཀྱིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་མ་འཇོག་གི་ཕན་འབྲས་བཟང་པོ་ཐོན་ཡོད། ཀྲུང་གོ་སྲོག་རྟེན་འགན་བཅོལ་ཀུང་སིས་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་ཞུགས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མའི་འབྲེལ་ཡོད་ཁྱབ་ཁོངས་བཀོད་སྒྲིག་ཧུར་ཐག་བྱས་ཤིང་། མ་འཇོག་དངུལ་འབོར་གྱི་ཁེ་གཙང་སྒོར་དུང་ཕྱུར་3876.94ཟིན་པ་དང་མ་འཇོག་དངུལ་འབོར་གྱི་ཁེ་གཙང་ཐོབ་ཚད་6.09%ཟིན་གྱི་ཡོད། ཀྲུང་གོ་མི་དམངས་འགན་བཅོལ་གྱིས་དངུལ་རྩའི“དོན་ཚན་ཆེན་པོ་ལྔར”ཞབས་འདེགས་ཞུ་བའི་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་3280ཟིན་པ་དེ་ལོ་འགོ་ལས་39.1%འཕར་བ། ཀྲུང་གོ་དུས་བདེའི་ཕྱོགས་བསྡུས་མ་འཇོག་གི་ཁེ་གཙང་ཐོབ་ཚད་6.3%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་བ། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་པོ་འགན་བཅོལ་གྱི་ལོ་འཁོར་མོའི་མ་འཇོག་དངུལ་འབོར་གྱི་ཁེ་གཙང་སྒོར་དུང་ཕྱུར་1416.34ཟིན་པ་དེ་དུས་མཚུངས་ལས་17.6%འཕར་ཡོད་པ་རེད།
གཞན་ཡང་། ཀྲུང་གོ་དུས་བདེ་འགན་བཅོལ་གྱིས་ཚན་རྩལ་འགན་བཅོལ་འགན་འཛིན་ཁྲི་326ལ་འགན་བཅོལ་བླངས་པ་དང་སྒོར་དུང་ཕྱུར་ཁྲི་9.29ཡི་ཉེན་ཁའི་འགན་སྲུང་མཁོ་འདོན་བྱས་ཡོད། མི་དམངས་རྒྱུ་ནོར་འགན་བཅོལ་གྱི་རླངས་འཁོར་འགན་བཅོལ་མིན་པའི་ལས་སྒོ་བཟུང་ཚད་45%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་བ། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་པོ་འགན་བཅོལ་གྱིས་རླངས་འཁོར་འགན་བཅོལ་གྱི་ཞིབ་ཚགས་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པས། རླངས་འཁོར་འགན་བཅོལ་གྱི་ཕྱོགས་བསྡུས་མ་གནས་ཐོབ་ཚད་བརྒྱ་ཆའི་གྲངས་2.6ཆག་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འགན་བཅོལ་ཞུ་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.6འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།