དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་ལོ་སིའི་རི་ཁུལ་གྱི་འོད་ཤུགས་རྣམ་གྲངས་ཆེ་གྲས་དང་པོ་དྲ་སྦྲེལ་གཉེར་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-10

    གསར་འགོད་པར་ཀྲུང་གོ་ཀོང་ཏུང་ཉིང་གློག་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་7ཉིན་ཀྲུང་གོ་ཀོང་ཏུང་ཉིང་གློག་ཚོགས་པ་ལོ་སིའི་བྱང་རྒྱུད་ཀྱི་ཕན་ཚུན་དྲ་སྦྲེལ་གྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་100ཟིན་པའི་འོད་ཤུགས་རྣམ་གྲངས་དྲ་སྦྲེལ་གཉེར་སྐྱོང་བྱས་པ་རེད། རྣམ་གྲངས་དེས་སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་16.5གཏོང་ཐུབ་པ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་130ཙམ་ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་ཤིང་། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་70ལྷག་ཙམ་མཉམ་དུ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། ལོ་སི་འདི་ཉིད“ཨེ་ཤེ་ཡ་ཤར་ལྷོའི་ནུས་རྒྱུ་གཙང་མའི་གློག་རྫས”ལྟ་བུ་གྱུར་པའི་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་ཐུབ་རྒྱུ་རེད། རྣམ་གྲངས་དེ་ལོ་སིའི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་མོང་སའེ་རྫོང་དང་ནཱ་མོ་རྫོང་དུ་གནས་པ་དང་དེ་ནི་ཀྲུང་གོ་ཀོང་ཏུང་ཉིང་གློག་ཚོགས་པས་རང་བརྟེན་ཇུས་འགོད་དང་རང་བརྟེན་གསར་སྤེལ་བྱས་པའི་མངའ་ཁོངས་ཕྱིའི་ཆན་ཝ་ཁྲི་བརྒྱ་རིམ་པའི་ནུས་རྒྱུ་གཙང་མའི་ལྗང་མདོག་རྣམ་གྲངས་ཐོག་མ་དེ་ཡིན་ལ་ལོ་སིའི་རི་ཁུལ་གྱི་འོད་ཤུགས་རྣམ་གྲངས་ཆེ་གྲས་ཐོག་མ་དེའང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།