ཞིབ་འཇུག་སྙན་ཞུའི་ནང་འཁོད་དོན།
ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་ས་ཁོངས་ཀྱི་ཐོན་སྐྱེད་དྲ་རྒྱའི་ལྟེ་བར་གྱུར་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་གྱི་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་འདས་ཟིན་པའི་ལོ་20ཡི་རིང་ཀྲུང་གོ་འདི་ཉིད་ས་ཁོངས་དེའི་ཐོན་སྐྱེད་དྲ་རྒྱའི་ལྟེ་བར་གྱུར་ཡོད་ཅེས་འཁོད་ཡོད།
སྙན་ཞུའི་ནང་མཁོ་སྤྲོད་ཕྱོཌ་ནས་བལྟས་ན། ས་ཁོངས་ཀྱི་ཐོན་སྐྱེད་དྲ་རྒྱར་འཕོ་འགྱུར་གཏིང་ཟབ་བྱུང་ཡོད། “དེ་སྔོན་རི་པིན་ལྟེ་བར་བྱས་པའི་དྲ་རྒྱ་དེ་ད་ཆ་ཀྲུང་གོ་ཀ་རྟེན་དུ་བྱས་པ་དང་དེ་བས་ཚཌ་ཚུད་ལ་ཕན་ཚུན་སྦྲེལ་མཐུད་ཐུབ་པའི་སྒྲོམ་གཞིར་གྱུར་ཡོད”ཅེས་འཁོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།