དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་གྱི་ནང་བློན་ཁང་སྐབས་གསར་པས་འགན་བཞེས་དམ་བཅའ་བཞག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-10

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ས་སྲོས་སུ། ཨ་ནུའུ་ཐིང·ཚན་ཝེ་ལཱ་ཅུན་གྱིས་ཙུང་ལི་དང་ནང་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་བའི་ཐེ་ལན་གྱི་ནང་བློན་ཁང་སྐབས་གསར་པས་པང་ཁོག་གི་ལུའེ་ཧྲི་ཕོ་བྲང་དུ་ཐེ་ལན་གྱི་རྒྱལ་པོ་མཱ་ཧ·ཝ་ཅི་ལཱ་ལུང་ཀུང་ལ་མཇལ་འཕྲད་ཞུས་ནས་རྒྱལ་པོའི་མདུན་དུ་འགན་བཞེས་དམ་བཅའ་བཞག་པ་རེད།

    ཨ་ནུའུ་ཐིང་གིས་དམ་འཇོག་མཛད་སྒོ་མཇུག་འགྲིལ་བའི་ཉིན་དེའི་དགོང་མོར། དམིགས་བསལ་ནང་བློན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱས་ནས་རྒྱལ་ཚོགས་ལ་སྒྲོག་སྦྱངས་བྱ་རྒྱུའི་སྲིད་སྐྱོང་མཛད་ཕྱོགས་ཀྱི་འཆར་ཟིན་ལ་གྲོས་བསྡུར་བྱས་པ་རེད། ཐེ་ལན་གྱི་སྨྱན་སྦྱོར་གྱིས་ཨ་ནུའུ་ཐིང་གིས་གཟའ་འཁོར་འདིའི་ནང་རྒྱལ་ཚོགས་ཐོག་སྲིད་སྐྱོང་སྙན་ཞུ་འབུལ་རྒྱུ་རེད་ཅེས་བརྗོད་ཡོད།

    ཟླ་3ཚེས་19ཉིན། ཙེ་ཧའོ་ཐེ་ཏང་གིས་མིང་བཏོན་པའི་ཙུང་ལིའི་བདམ་བྱའི་འོས་མི་ཨ་ནུའུ་ཐིང་ལ་ཐེ་ལན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་འདེམས་བསྐོའི་ནང་འདེམས་ཤོག་ཕྱེད་ཀ་ཡན་གྱི་རྒྱབ་སྐྱོར་ཐོབ་ནས་སླར་ཡང་ཐེ་ལན་གྱི་ཙུང་ལིར་བདམས་ཐོན་བྱུང་བ་དང་འབྲེལ་ཟླ་3ཚེས་20ཉིན་རྒྱལ་པོའི་ཆོག་མཆན་ཡང་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།