དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཆབ་མདོ་གྲོང་ཁྱེར་དུ་མཇིང་རྩའི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་ཚོགས་པས་འགག་སྒྲོལ་དཀའ་སེལ་བྱས་ཏེ། ལོ་74ལ་སླེབས་པའི་བགྲེས་སོང་ཞིག་ལ་མཇིང་རྩའི་གཤགས་བཅོས་བྱས་པས་ས་ཁོངས་དེའི་ཀླད་པའི་ཁྲག་རྩའི་ནད་ཀྱི་ཕྱི་བཅོས་ཚན་ཁག་གི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་གསབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་དུས་རྒྱུན་མགོ་ཡང་སེ་ན་བ་དང་མགོ་ཡུ་ཡང་ཡང་འཁོར་ནས་ལོ་7སོང་བས་སྨན་ཁང་དུ་སྡོད་དགོས་བྱུང་ཡོད། CTཁྲག་རྩའི་བརྙན་པར་དང་གྲངས་འཛིན་ཁྲག་རྩའི་བརྟག་དཔྱད་བྱས་པ་བརྒྱུད། མཇིང་རྩ་གཡོན་མ་80%ལྷག་ཙམ་འཁུམས་པས་ཁྲག་འཁོར་རྒྱུག་དཀའ་བ་དང་གྲིབ་སྐྱོན་ཕོག་ཉེན་ཆེན་པོ་ཡོད་པར་བརྟེན་འཕྲལ་མར་གཤགས་བཅོས་བྱེད་དགོས་ཀྱི་ཡོད་པ་རེད།

    ཉེན་ཁ་ཆེ་བ་དང་དཀའ་ཚེགས་ཆེ་བའི་གཤགས་བཅོས་དེ་ལེགས་གྲུབ་ཐུབ་ཆེད། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཡུས་ཀྲེང་ཆང་གིས་ཚན་ཁག་ཡོངས་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་གཤགས་བཅོས་སྐོར་གྲོས་བསྡུར་བྱས་ཏེ་གཤགས་བཅོས་ཀྱི་ཇུས་གཞི་ཞིབ་ཚགས་བཟོས་པ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གཙོ་བཅོས་སྨན་པ་གཞོན་པ་ཅང་ཡུང་ཞང་སྐུ་ངོ་མས་གཤགས་བཅོས་སྨན་པ་གཙོ་བོ་དང་ས་གནས་དེ་གའི་རྐང་འཛིན་སྨན་པ་ཀྲང་ཆི་ཡིས་གཞོགས་འདེགས་དམ་ཟབ་བྱས་པས། ནད་པའི་མཇིང་རྩའི་ནང་གི་མཁྲེགས་འགྱུར་དངོས་པོ་གཙང་སེལ་བྱས་པ་དང་ཁྲག་འཁོར་རྒྱུག་བདེ་པོ་ཡོང་བ་བྱས་པ་རེད། གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་ནས་མིག་སྔར་ནད་པར་མགོ་ན་བ་དང་མགོ་ཡུར་འཁོར་བའི་གནས་ཚུལ་ཐོན་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཤགས་བཅོས་ལམ་ལྷོངས་བྱུང་བ་དེས་ཆབ་མདོའི་མང་ཚོགས་ཀྱིས་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མ་ཟད། ས་ཆ་གཞན་དུ་སྨན་བཅོས་བྱེད་པར་བསྐྱོད་པའི་དཀའ་ངལ་ཡང་བསལ་ཡོད་པས། དེ་ལས་བོད་སྐྱོར་སྨན་བཅོས་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་མངོན་ཡོད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མུ་མཐུད་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས། ཤེས་ལྡན་པ་གསོ་སྐྱོང་དང་ལག་རྩལ་གསར་གཏོད་གང་ལེགས་བྱས་ཏེ་བོད་ཤར་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་སྲུང་བར་སྨན་བཅོས་ཀྱི་འགོག་རགས་བརྟན་པོ་ཞིག་འཛུགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།