དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས།

    སྲིད་དོན་ཞབས་ཞུའི་ཕན་ནུས་རྒྱུན་མཐུད་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    2025ལོར་བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དམངས་ཕན་གྱི་སྤུས་ནུས་ཆེ་རུ་གཏོང་བ་དམིགས་ཚད་དུ་བཟུང་སྟེ། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་འགག་གནད་དང་དཀའ་གནད་ལ་དམ་པོར་དམིགས་པ་དང་། སྲིད་དོན་ཞབས་ཞུའི་སྤུས་ནུས་ཆེ་རུ་གཏོང་བའི་དམིགས་ཚད་ལ་གཞིགས་པ། ལམ་སྲོལ་གསར་གཏོད་དང་། བརྒྱུད་རིམ་བསྐྱར་བཟོ། ཞབས་ཞུ་སྣུར་སྲིང་། སྲིད་དོན་ཞབས་ཞུའི་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ། དམངས་ཕན་དང་ཁེ་ལས་ལ་ཕན་པའི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    སྲོལ་རྒྱུན་གྱི་སྲིད་དོན་ཞབས་ཞུའི“སྡེ་ཚན་མང་པོར་རྒྱུག་པ་དང་ཐེངས་མང་རྒྱུག་པའི”དཀའ་གནད་སེལ་རྒྱུར་དམིགས་ནས། བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས“1+X”ཡི་སྤྱི་བདེའི་སྲིད་དོན་ཞབས་ཞུའི“སྐར་ཁུང་ཀུན་སྒྲུབ”ཀྱི་བྱ་ཐབས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྱབ་གདལ་བཏང་སྟེ་བདེ་འཇགས་དང་། ཐེམ་ཐོ། རྒྱལ་མཚམས་འཛུལ་སྒྲོལ་སོགས་ཀྱི་དོན་གནད་བསྡུ་སྒྲིལ་གྱིས“སྐར་ཁུང་གཅིག་འཐུས་དང་། རིགས་དབྱེ་ཞིབ་མཆན། ལག་ཁྱེར་གཅིག་གྱུར་སྤྲོད་པ”བཅས་ཀྱི་ཞབས་ཞུའི་མ་ལག་བསྐྲུན་ཏེ། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཞིང་། 2025ལོར་རིམ་རྩིས་བརྒྱབ་ན་ཐེམ་ཐོའི་ལས་སྒོ་ཁག་26623སྒྲུབ་གཉེར་བྱས་ཡོད།

    གཉེར་སྐྱོང་བྱེད་པོའི་ལས་སྒྲུབ་དགོས་མཁོར་དམིགས་ནས་བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་གྲོང་ཁྱེར་ལྟ་འདོམས་ཀྱི་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་སྒྲུབ་གཉེར་མ་ལག་དང་ལས་གཉེར་ལག་ཁྱེར་སྒྲུབ་གཉེར་ལས་སྟེགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱབ་ཕྱོགས་མ་ལག་གི་གྲངས་གཞིའི་བཀག་རྒྱ་ཤར་གཏོང་དང་། འབྲེལ་ཡོད་དོན་ཚན“རེ་ཞུ་ཐེངས་གཅིག་དང་དྲ་ཐོག་སྒྲུབ་གཉེར”ཐུབ་པར་བྱས་ཏེ། ཡིག་ཐོག་སྙན་ཞུའི་དཔྱད་གཞིའི་གྲངས་འབོར་དང་སྡེ་ཚན་མང་པོར་རྒྱུག་པའི་ཐེངས་གྲངས་ཉུང་དུ་ནུས་ལྡན་བཏང་ཞིང་། 2025ལོར་རིམ་རྩིས་བརྒྱབ་ན་ལས་སྒོ་ཁག་12040སྒྲུབ་གཉེར་བྱས་ཡོད།

    རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཀྱི་དམིགས་བསལ་ཚོགས་སྤྱིར་དམིགས་ནས་བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས“སྒྲུབ་རོགས་དང་ཚབ་སྒྲུབ”ཀྱི་ཞབས་འདེགས་ཡག་པོ་ཞུས་ནས་ཤར་སྐྱོད་བགྲོད་ལམ་གཏོད་པ་དང་། བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་དཔྱད་གཞི་ཚབ་འབྲི་སོགས་ཀྱི་ཞབས་འདེགས་ཞུས་ནས། སྲིད་དོན་ཞབས་ཞུ་དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཤིང་། 2025ལོར་རིམ་རྩིས་བརྒྱབ་ན་ལས་སྒོ་ཁག་10494སྒྲུབ་རོགས་དང་ཚབ་སྒྲུབ་བྱས་ཡོད།

    བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཐོབ་ཐང་ལག་ཁྱེར་རང་སྒྲུབ་རེ་ཞུ་དང་པར་ལེན་གཞི་གཅིག་ཅན་གྱི་འཕྲུལ་ཆས་དང་ཐོབ་ཐང་ལག་ཁྱེར་རང་སྒྲུབ་སྤྲོད་སའི་མཐའ་སྣེ་སྒྲིག་སྦྱོར་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་སྔོན་ཚུད་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་ཞིང་ཆེན་སྒྲོལ་ནས་རང་སྒྲུབ་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་བཏང་ཡོད། 2025ལོར་སྤྱི་བདེའི་ཕྱོགས་བསྡུས་སྐར་ཁུང་གི་ཐོབ་ཐང་ལག་ཁྱེར་རང་སྒྲུབ་འཕྲུལ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཐོབ་ཐང་ལག་ཁྱེར་གཉེར་བའི་རེ་ཞུ་7200བདག་སྤྲོད་བྱས་པ་དང་། ཐོབ་ཐང་ལག་ཁྱེར་རང་སྒྲུབ་སྤྲོད་སའི་མཐའ་སྣེ་ནས་ཐོབ་ཐང་ལག་ཁྱེར་6011སྤྲད་ཡོད། གྲོང་ཁྱེར་ལྟ་འདོམས་ཕྱོགས་བསྡུས་སྐར་ཁུང་གི་AIཡི་རང་འགུལ་པར་ལེན་བྱེད་ནུས་སྤྱོད་ཐུབ་ཅིང་། ཁེ་ལས་མང་པོ་ཞིག་གིས་མ་ལག་དེ་བརྒྱུད་རང་འགུལ་ངང་ལས་གཉེར་ལག་ཁྱེར་གཉེར་བས། སྒྲུབ་གཉེར་གྲངས་གཞི་དུས་ཐོག་ཏུ་རྒྱབ་སྟེགས་སུ་བརྒྱུད་བསྐུར་ཐུབ་སྟེ། གྲངས་གཞི་གནད་འཕིགས་དང་ལས་སྒོ་སྒྲུབ་གཉེར་ཐུབ་པའི་འགན་ལེན་ནུས་ལྡན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།