དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་དང་ལས་ཞུགས་གཉིས་ཀ་མཐོར་གཏོང་ཡོང་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་གཉེར་བའི་མི་རིགས་གླུ་གར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། ལས་སྒུག་པ་དང་དེ་བཞིན་གླུ་གར་ལ་དགའ་པོ་བྱེད་མཁན་50མཉམ་དུ་འཛོམས་ནས་རྩལ་ནུས་མཐོར་གཏོང་དང་རིག་གནས་རྒྱུན་འཛིན་གྱི་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་རིང“རིགས་པའི་གཞུང་ལུགས་གསལ་འགྲེལ་དང་། དངོས་སྤྱོད་དངོས་སྦྱོང་། གར་སྟེགས་ནང་སྦྱོང”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་གཞི་གཅིག་གི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་མི་རིགས་གླུ་གར་ཁྱབ་ཁོངས་ཀྱི་དགེ་རྒན་མང་པོ་གདན་དྲངས་ནས་སློབ་ཁྲིད་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་གསོ་སྦྱོང་བརྒྱུད་རིམ་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ཞིབ་བཤེར་དང་སློབ་ཁྲིད་སྤུས་ཚད་ལ་ལྟ་སྐུལ་ནན་པོ་བྱས་ནས། གསོ་སྦྱོང་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་དང་ས་གནས་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། ཆེད་ལས་གསོ་སྦྱོང་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུང་བཏང་སྟེ། ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་རྩལ་ནུས་གསོ་སྦྱོང་རྣམ་གྲངས་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས། ཁྲེང་ཀོན་ཆུས་ཀྱི་རིག་གནས་རྒྱུན་འཛིན་དང་དམངས་འཚོ་ལེགས་གཏོང་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།