ནག་ཆུའི་ནུབ་རྒྱུད་རྫོང་བཞིས་བོད་སྨན་ཐོན་ལས་ལ་མཉམ་དུ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྡེ་ཚན་གྱི་འགན་ནུས་ལ་གཞི་ཚུགས་པ་དང་། ནུབ་རྒྱུད་རྫོང་བཞིའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཞི་རྟེན་དུ་བྱེད་པ། ཤན་རྩ་རྫོང་སྨན་རྩིས་ཁང་གི་གསར་གཏོད་རིམ་སྤོར་ལས་སྟེགས་སུ་བྱེད་པ་བཅས་བྱས་ཏེ། བོད་སྨན་ཐོན་ལས་དེ“སོ་སོས་འབད་འཐབ་བྱེད་པ”ནས“མཉམ་དུ་འབད་འཐབ་བྱེད་པའི”བར་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་བས། ས་ཁོངས་ཀྱི་བོད་སྨན་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
ས་ཁོངས་ཀྱི་བོད་སྨན་འཕེལ་རྒྱས་ཀྱི“སྒུལ་ཤུགས་གཙོ་བོ”ཞིག་ཡིན་པའི་ཤན་རྩ་རྫོང་སྨན་རྩིས་ཁང་གིས་རིམ་རྩིས་བརྒྱབ་ན་འཕྲོད་བསྟེན་མ་དངུལ་སྒོར་ཁྲི་1272བསྡུ་སྒྲིལ་བྱེད་པ་དང་། སྨན་སྦྱོར་ཁང་སྨི་ངོས་གྲུ་1600ལྷག་ཙམ་རིམ་སྤོར་སྒྱུར་བཀོད་བྱེད་པ། མ་དངུལ་སྒོར་ཁྲི་80ཙམ་བཏང་ནས་སྤུས་ལེགས་ཞིབ་ཚགས་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་བསྒར་བ་བཅས་བྱས་ཏེ་ནུབ་རྒྱུད་ས་ཁོངས་ཀྱི་བོད་སྨན་ཐོན་སྐྱེད་རྟེན་གཞི་ཧུར་ཐག་བཏོད་ཡོད། མ་དངུལ་སྒོར་ཁྲི་62བཏང་ནས་བོད་སྨན་སྣ་ཁ་64ཐོ་འགོད་སྙན་སེང་ཞུས་པ་དང་འབྲེལ། སྨན་སྦྱོར་དཀར་ཆག་གསར་སྒྱུར་བྱས་པ་དང་། ཐོ་འགོད་སྙན་སེང་ཞུས་པའི་བོད་སྨན་ཚང་མ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ། དེ་བྱིངས་ཀྱི་བོད་སྨན་ལྷག་མ་སྣ་ཁ་99ཡི་ཐོ་འགོད་མ་དངུལ་སྒོར་ཁྲི་103དོན་འཁྱོལ་བྱས་ནས་ཐོ་འགོད་སྙན་སེང་ཞུ་ཚད་100%ཟིན་པའི་བརྩོན་ལེན་བྱས་ཡོད། 2024ལོའི་ཟླ་8པར། ཤན་རྩ་རྫོང་སྨན་རྩིས་ཁང་དེ་ཁ་པ་རིམ་པ་གཉིས་པའི་མི་རིགས་སྨན་ཁང་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཛུགས་གཏོད་བྱས་ཏེ་ནུབ་རྒྱུད་རྫོང་བཞིའི་སྨན་རྩིས་ཁང་གི་ཁྲོད་སྔོན་ལ་རིམ་པ་གཏོད་མཁན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།