དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    བསམ་བློ་ཀུན་སྤྱོད་ལ་དག་ཐེར་དང་ཆབ་སྲིད་ཀྱི་སྦྱོང་སྒྲིག་ཟབ་ཏུ་བཏང་སྟེ་ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་ཐོག་ནས་དམག་དཔུང་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-10

    ཟླ་4ཚེས་8ཉིན་གྱི་སྔ་དྲོར། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོར། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་ཀུན་སྤྱོད་ལ་དག་ཐེར་གཏོང་བ་དང་། ཆབ་སྲིད་ཀྱི་སྦྱོང་སྒྲིག་ཟབ་ཏུ་གཏོང་བ། རང་རེའི་དམག་དཔུང་གི་ལས་བྱེད་པའི་དཔུང་ཁག་ལ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་ལྷད་མེད་ཀྱི་གཟི་བརྗིད་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་རྣམ་པ་གསར་རྐྱང་ཐོག་ནས་དམག་དཔུང་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། རང་རེའི་ཏང་དང་དམག་དཔུང་ནི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་གོང་བུ་གཅིག་ཏུ་བསྒྲིལ་བ་ཞིག་ཡིན་པས། ཏང་འདི་དང་དམག་དཔུང་འདིར་ཞུགས་ཕྱིན་མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་དང་། ཏང་གི་དད་མོས་དང་། ཏང་གི་རྩ་འཛུགས། ཏང་གི་བྱ་གཞག་བཅས་ལ་ལྷག་བསམ་རྣམ་དག་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ནན་ཏན་བྱས་ནས་དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པར་བྱས་ཏེ་རིགས་པའི་གཞུང་ལུགས་ཐོག་གི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། དམག་དཔུང་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། སྐད་ཆ་དྲང་པོ་ཤོད་པའི་མིག་དཔེ་ཡག་པོ་འདོན་པ། གུ་ཡངས་ཀྱི་བློ་རྒྱ་ཆེན་པོ་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་གནས་ཚུལ་དྲང་པོ་ཤོད་པ་དང་། ལྕག་འདེབས་ཀྱི་གྲོས་འགོ་འདོན་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས། རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་དང་། སྒེར་དོན་སྒྲུབ་པ་དང་ལྐོག་ཟ་རུལ་སུངས་ཀྱི་བསམ་བློ་དང་བྱེད་སྤྱོད་མཐའ་དག་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་དང་གཏན་ནས་མི་མཐུན་པ་ཞིག་རེད། དམག་དཔུང་གི་རིམ་ཁག་ལས་བྱེད་པས་རང་རྟོགས་ངང་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་དང་བྲལ་བའི་སྒེར་སེམས་སྣ་ཚོགས་ཁྱད་བསད་བཅས་བྱེད་དགོས། མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་རང་རེའི་ཏང་དང་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་བ་དང་། དཔོན་ཉམས་དོར་བ་དང་གསར་བརྗེའི་དམག་མིའི་རང་གཤིས་སླར་ཡང་མངོན་པར་བྱས་ནས་སྲོལ་གསར་སྤྱོད་བཟང་དཔུང་སྡེར་དེ་བས་ཁྱབ་པར་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ཤེས་པ་དང་། སྒྲིག་ལམ་རྟོགས་པ། གུས་སྐྲག་ཤེས་པ་བཅས་བྱས་ཏེ། ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་དང་ལམ་ལུགས་ལ་བརྩི་སྲུང་ཞུ་བའི་ཐད་དམིགས་བསལ་མེད་པ། ཁྲིམས་སྲོལ་དང་ལམ་ལུགས་ལག་བསྟར་བྱེད་རིང་དམིགས་བསལ་གང་ཡང་མེད་པ་བཅས་བྱེད་ཐུབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། རང་རེའི་ཏང་དང་དམག་དཔུང་ནི་ནོར་འཁྲུལ་གྱི་བསམ་བློ་དང་སྤྱོད་ཚུལ་ངན་པ་སྣ་ཚོགས་ལ་འཐབ་རྩོད་བྱེད་རིང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག མི་དམངས་དམག་དཔུང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་ཁྲོད་སྔར་བྱུང་མྱོང་མེད་པའི་མཐུན་སྒྲིལ་དང་གཅིག་གྱུར་ལ་བརྟེན་ནས། གསར་བརྗེའི་སྔོན་བྱོན་པར་ངོ་མི་གནོང་པ་དང་། ལོ་བརྒྱའི་བྱ་གཞག་གི་རྨང་གཞིར་ངོ་མི་གནོང་པ། དུས་རབས་རླབས་པོ་ཆེར་ངོ་མི་གནོང་པ་བཅས་ཀྱི་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་མིན་གྱིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། དུས་ཐེངས་དང་པོའི་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཞུགས་ཡོད་པ་རེད། འཛིན་གྲྭ་འགོ་ཚུགས་མཛད་སྒོ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་དམག་ཡོངས་ཀྱི་འབྲེལ་ཡོད་ཅུན་རིམ་པ་ཡན་གྱི་ཚན་པ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།