དབུ་ཤོག
  • འདི་གར་ཐང་ག་དང་སྒྲ་སྙན་སོགས་རིན་མི་དགོས་པར་སྦྱོང་ཆོག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-04-09

    2026ལོའི་ལྷ་ས་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི“གཞོན་ནུའི་མཚན་སློབ”དཔྱིད་དུས་འཛིན་གྲྭར་སློབ་མ་བསྡུ་འགོ་ཚུགས་འདུག

    སློབ་ཚན་ངོ་སྤྲོད།

    རི་མོ་སྦྱོང་བའི་འཛིན་གྲྭར་མི་15བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་22ཉིན་དང་། ཚེས་23 ཚེས་29 ཚེས་30ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་ལྷག་པ་དང་ཕུར་བུའི་ཆུ་ཚོད་19:30ནས་21:00བར)

    ཀོག་ཧྥེ་བཟོ་སྟངས་སྦྱོང་བའི་འཛིན་གྲྭར་མི་20བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་23དང་24ཉིན་དང་། ཟླ་5ཚེས་30དང་ཟླ་5ཚེས་1ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་ཕུར་བུ་དང་པ་སངས་ཀྱི་ཆུ་ཚོད་19:30ནས་21:00བར)

    ཐང་ག་སྦྱོང་བའི་འཛིན་གྲྭར་མི་20བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་22ཉིན་དང་། ཚེས་23 ཚེས་29 ཚེས་30ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་ལྷག་པ་དང་ཕུར་བུའི་ཆུ་ཚོད་19:30ནས་21:00བར) 

    ལ་ཏིང་ཞབས་བྲོ་སྦྱོང་བའི་འཛིན་གྲྭར་མི་20བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་20ཉིན་དང་། ཚེས་21 ཚེས་26 ཚེས་27ཉིན་བཅས་ཡིན། (ཆུ་ཚོད་19:30ནས་21:00བར)

    མཛེས་འཆོས་སྦྱོང་བའི་འཛིན་གྲྭར་མི་15བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་22ཉིན་དང་། ཚེས་23 ཚེས་29 ཚེས་30ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་ལྷག་པ་དང་ཕུར་བུའི་ཆུ་ཚོད་19:30ནས་21:00བར)

    ཡིག་གཟུགས་སྦྱོང་བའི་འཛིན་གྲྭར་མི་20བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་21ཉིན་དང་། ཚེས་23 ཚེས་28 ཚེས་30ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་མིག་དམར་དང་ཕུར་བུའི་ཆུ་ཚོད་19:30ནས་21:00བར)

    སྒྲ་སྙན་སྦྱོང་བའི་འཛིན་གྲྭར་མི་15བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་21ཉིན་དང་། ཚེས་24 ཚེས་28ཉིན་དང་། ཟླ་5ཚེས་1ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་མིག་དམར་དང་པ་སངས་ཀྱི་ཆུ་ཚོད་19:30ནས་21:00བར)

    སྤོས་བཟོ་སྟངས་སྦྱོང་བའི་འཛིན་གྲྭར་སློབ་མ་20བསྡུ་རྒྱུ་དང་། སློབ་ཚན་འཚོག་པའི་དུས་ཚོད་ནི། ཟླ་4ཚེས་21དང་། ཚེས་23 ཚེས་28 ཚེས་30ཉིན་བཅས་ཡིན། (གཟའ་འཁོར་རེའི་གཟའ་མིག་དམར་དང་ཕུར་བུའི་ཆུ་ཚོད་19:30ནས་21:00བར)

    མིང་ཐོ་འགོད་སྟངས། 

    1.མིང་ཐོ་འགོད་པའི་དུས་ཚོད། 

    2026ལོའི་ཟླ་4ཚེས་8ནས་10ཉིན་བར་དང་། ཟླ་4ཚེས་13ནས་17ཉིན་བར་གྱི་སྔ་དྲོའི་ཆུ་ཚོད་9:30ནས་13:00དང་། ཕྱི་དྲོའི་ཆུ་ཚོད་15:30ནས་18:00བར་ཡིན།

    2.མིང་ཐོ་འགོད་ཡུལ།

    ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱི་ཐོག་སོ་དང་པོའི་གཡས་ངོས་ཀྱི་གཞོན་ནུ་འཕེལ་རྒྱས་པུའུ།

    3.བློ་འདྲིའི་ཁ་པར། 0891-6332227

    4.དོ་སྣང་བྱེད་དགོས་པའི་དོན་ཚན།

    ① རང་མོས་ཀྱི་སྒོ་ནས་མིང་ཐོ་འགོད་པ་དང་མིང་ཐོ་འགོད་སྐབས་རང་མིང་ངོ་མ་སྤྱོད་དགོས་པ་དང་། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་པར་སློག་འཁྱེར་བ་ལས་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་གྱིས་ཚབ་བྱེད་མི་ཆོག

    ② མི་གཅིག་གིས་ལོ་གཅིག་ལ་མིང་ཐོ་ཐེངས་གཅིག་ལས་འགོད་མི་ཆོག་ལ་མང་ཤོས་འཛིན་གྲྭ་གཅིག་ལས་ཐོ་འགོད་མི་ཆོག

    ③ མིང་ཐོ་བཀོད་ཟིན་པའི་སློབ་མས་གལ་ཏེ་སློབ་ཚན་ལ་ཡོང་ཐེངས་60%ཟིན་མེད་ན། གཞོན་ནུའི་མཚན་སློབ་ལ་མིང་ཐོ་འགོད་མི་ཆོག་པའི་ཁོངས་སུ་འཇུག་རྒྱུ་ཡིན།

    ④མིང་ཐོ་འགོད་མཁན་གྱི་སློབ་མའི་གཟུགས་པོ་ཐང་པོ་ཡིན་དགོས་ཤིང་། སྙིང་ཀླད་ཁྲག་རྩའི་ནད་ཚབས་ཆེན་ཡོད་པ་དང་གཟུགས་པོའི་གནས་ཚུལ་ལུས་སྦྱོང་ངམ་ཡང་ན་ཡུན་རིང་པོ་སྡོད་པའམ་ལངས་བ་སོགས་འཚམ་པོ་མེད་ཚེ་མིང་ཐོ་འགོད་མི་རུང་། སློབ་མ་ཚང་མས་སློབ་འགོ་ཚུགས་སྐབས་ཁས་ལེན་ཡི་གེ་འབྲི་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།