འགག་གསུམ་ལྷོ་ལམ་གྱི་གྲུ་འགག་ལ་ཞིབ་བཤེར་ཉམས་བཟོ་བྱེད་ཚད་ཕྱེད་ཀ་ཡན་ཟིན་ནས་འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་ཤར་གཏོང་ཐུབ་པར་འགན་ལེན་ནུས་ལྡན་བྱུང་བ།

འདི་ནི་ཉེ་ཆར་ཧུའུ་པེའི་དབྱི་ཁྲང་གི་འགག་གསུམ་ལྟེ་གནས་ཀྱི་ལྷོ་ལམ་གྲུ་འགག་ལ་ཞིབ་བཤེར་ཉམས་བཟོ་བྱེད་རིང་བྱང་ལམ་གྲུ་འགག་ནས་གྲུ་གཟིངས་ཤར་གཏོང་བྱེད་བཞིན་པ།
འགག་གསུམ་ལྷོ་ལམ་གྱི་གྲུ་འགག་2026ལོར་འཆར་གཞི་ཡོད་པའི་ངང་གྲུ་གཟིངས་གཏོང་མཚམས་བཞག་སྟེ་ཟླ་3ཚེས་4ཉིན་ཞིབ་བཤེར་ཉམས་བཟོ་བྱེད་འགོ་ཚུགས་པ་དང་། འཆར་གཞིའི་ལས་ཡུན་ཉིན་45རེད། མིག་སྔར་ཨར་ལས་ཀྱི་ལས་འགན་སྒྲུབ་ཚད་ཕྱེད་ཀ་ཡན་ཟིན་ཡོད། ཞིབ་བཤེར་ཉམས་བཟོ་བྱེད་རིང་འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་ཤར་གཏོང་ཐུབ་པར་འགན་ལེན་ནུས་ལྡན་བྱུང་བ་དང་གཙོ་གནད་མྱུར་འདྲེན་དངོས་ཟོག་སྣ་ཚོགས་གོ་རིམ་ལྡན་པའི་ངང་ཆུ་འགག་ལས་སྒྲོལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།