དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཁྲལ་གཡོལ་གྲུ་ཁར་འགྱུར་སྲིད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཏུང་ཧུའེ།   |     སྤེལ་དུས།  2026-04-09

    གོ་ཐོས་ལ་ད་ལྟ་ཧའེ་ནན་གྱི་ཚོང་ཟོག་མང་པོ་ཞིག་ནང་ས་ལས་གོང་ཁེ་བ་ཡོད་པས་གཉེན་ཉེ་གྲོགས་པོ་ཚོར་དངོས་ཟོག་མང་ཙམ་ཉོ་ཆོག་གམ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཅིང་། དེ་གར་ཁེ་ལས་འགའ་ཤས་དང་མི་ཚོགས་ཀྱི་ཁྲལ་གཡོལ་གྲུ་ཁར་འགྱུར་སྲིད་དམ།

    —— མི་དམངས་དྲ་བའི་དྲ་གྲོགས།

    དེ་གོང་། དྲ་ཐོག་ཏུ་གླེང་མང་བའི་བརྗོད་གཞི་ཞིག་ཡོད་པ་དེ་དྲ་གྲོགས་དེའི་དོགས་གཞི་དང་ཧ་ཅང་འདྲ་པོ་ཡོད། སྒོ་ཁྲལ་འཇལ་མི་དགོས་པའི་ཆ་རྐྱེན་འོག་ཧའེ་ནན་དུ་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས་པར་ནང་འདྲེན་རླངས་འཁོར་ཉོ་ཐུབ་ཅེས་དྲ་ཐོག་ཏུ་ཁྱབ་པ་ལས་དྲ་གྲོགས་མི་ཉུང་བ་ཞིག་གིས“འཕྲལ་དུ་གནམ་གྲུའི་སྤ་སེ་མངགས་ཏེ་ཧའེ་ནན་དུ་རླངས་འཁོར་ཉོ་བར་འགྲོ་གི་ཡིན”ཞེས་ཤོད་ཀྱི་ཡོད།

    སྒོ་ཁྲལ་མེད་པའི་སྲིད་ཇུས་ལས་གོང་ཚད་རྣམ་ཀུན་ལས་ཅུང་ཁེ་བ་ཡོད་པས་མི་མང་པོའི་ཡིད་དབང་འཕྲོག་གི་ཡོད། འོན་ཀྱང་གཟིགས་སྐྱོང་སྲིད་ཇུས་དེ་རིགས་ལ་སྤྱོད་འཐུས་ཀྱི་ཆ་རྐྱེན་ཡོད་སྟབས་གང་བྱུང་དུ་སྤྱོད་ཆོག་གི་མེད།

    སྒོ་ཁྲལ་མེད་པའི་ནང་འདྲེན་རླངས་འཁོར་ལ་ཆ་མཚོན་ན། ཧའེ་ནན་གྱི་ནང་འདྲེན་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་དེ་ཧའེ་ནན་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་ལས་རིགས་གཉེར་མཁན་ཁེ་ལས་ཁོ་ནར་མ་གཏོགས་ལོངས་སྤྱོད་ཐུབ་ཀྱི་མེད། ཁེ་ལས་ལ་སྒྲིག་སྲོལ་དང་མཐུན་པའི་ཆ་རྐྱེན་འཛོམས་ཚེ་ད་གཟོད་ཉོ་སྒྲུབ་བྱེད་པའི་ཐོབ་ཐང་ཡོད། རླངས་འཁོར་ངེས་པར་དུ་སྐྱེལ་འདྲེན་ལས་གཉེར་ཐད་སྤྱོད་དགོས་པ་དང་། སྐྱེལ་འདྲེན་བྱེད་འགོ་ཚུགས་ས་དང་དམིགས་ས་ཉུང་མཐར་ཡང་སྣེ་གཅིག་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་ཡིན་དགོས་པ། ལོ་ལྟར་ནང་སར་སྡོད་པའི་དུས་ཚོད་རིམ་རྩིས་བརྒྱབ་ན་ཉིན་120ལས་མི་བརྒལ་བའི་འགན་ལེན་བྱེད་དགོས།

    ཧའེ་ནན་ནས་ཁྲལ་འཇལ་མི་དགོས་པའི་ཚོང་ཟོག་སྣ་ཚོགས་ཉོ་ཐུབ་ཀྱི་ཡོད་མོད། འོན་ཀྱང་སྲིད་ཇུས་ནང་འཛད་སྤྱོད་པས་རང་བྱུང་ལོ་འཁོར་གཅིག་ནང་ཉོ་སྒྲུབ་བྱེད་ཆོག་པའི་དངུལ་འབོར་སྒོར་ཁྲི་10ཡིན་པ་དང་ལོ་འཁོར་གྱི་ཁྲལ་འཇལ་མི་དགོས་པའི་ཚོང་ཟོག་ཉོ་སྒྲུབ་བྱེད་ཆོག་པའི་དངུལ་འབོར་དང་གྲངས་བཅད་ལས་བརྒལ་བའི་ཆ་ཤས་ལ་སྒྲིག་ཡིག་ལྟར་ཚོང་ཟོག་ནང་འདྲེན་གྱི་དཔྱ་ཁྲལ་འཇལ་དགོས་པའི་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག འགག་སྒོ་ལས་ཁུངས་ཀྱིས“ཧམ་ཉོ”དང“ཚབ་ཉོ”བྱེད་པ་ནི་ཁྲལ་འཇལ་མི་དགོས་པའི་གྲངས་བཅད་སྤྱད་དེ་ཚོང་རྒྱག་པ་ཞིག་ཡིན་པས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པའི་དྲན་སྐུལ་བྱས་པ་རེད།

    “ལོངས་སྤྱོད་ཀྱི་ཚད་གཞི”ཡོད་པས་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་གང་བྱུང་དུ་སྤྱོད་མི་སྲིད།

    དྲ་གྲོགས་ཀྱི་དྲི་བ་གཉིས་པར་ལན་གསལ་པོ་བཏབ་པ་སྟེ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཁྲལ་གཡོལ་གྲུ་ཁར་འགྱུར་འདོད་མེད་ལ་འགྱུར་ཡང་མི་སྲིད།

    ཅི་ཞིག་ལ་ཁྲལ་གཡོལ་གྲུ་ཁ་ཟེར་རམ། སྤྱིར་ན་ཁྲལ་ཚད་ཧ་ཅང་དམའ་བ་དང་ཐ་ན་འཇལ་མི་དགོས་པ་དང་། ལྟ་འདོམས་དམ་པོ་མེད་པ།

     ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ་བཅས་ཀྱི་ས་ཁུལ་ལ་ཟེར་ཞིང་། གཙོ་བོ་ཕྱི་ཕྱོགས་ཀྱི་མ་དངུལ་འགུག་ཐབས་བྱས་ཏེ་ཁེ་སྤོགས་སྤོ་སྒྱུར་དང་ཁྲལ་བསྡུ་ལས་གཡོལ་ཐབས་བྱེད་ཀྱི་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་འཕེལ་རྒྱས་ཀྱི་ངེས་གནས་དང་ལམ་ལུགས་ཇུས་འགོད་ནས་ལྟ་འདོམས་མ་ལག་བར་ཚང་མ་ཁྱད་ཆོས་དེ་དག་དང་མཐུན་གྱི་མེད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་དམིགས་ཚད་ནི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་མཐོ་རིམ་གཞི་རྒྱུ་གཙོ་བོ་གཅིག་སྡུད་ཡོང་བའི་ཡིད་དབང་བཀུག་ནས་ལམ་ལུགས་རྣམ་པའི་སྒོ་དབྱེའི་མཐོ་ས་གཏོད་རྒྱུ་དེ་རེད། སྲིད་ཇུས་ཇུས་འགོད་ཐོག་མར་བྱེད་སྐབས་ནས་དྲ་གྲོགས་ཚོས་སེམས་ཁུར་བྱེད་པའི་གནད་དོན་མཐའ་དག་ལ་རྒྱལ་ཁབ་ནས་བསམ་གཞིག་བྱས་ཟིན་ཡོད་ཅེས་བརྗོད་ཆོག

    དོ་ཁུར་ཆེན་པོ་བྱེད་པའི་ཁེ་ལས་ཀྱི་ཐོབ་ཁྲལ་ཁྲལ་ཚད་15%དང་མི་སྒེར་གྱི་ཐོབ་ཁྲལ་མཐོ་ཤོས་15%སོགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་ཡང་སྤྱོད་འཐུས་ཀྱི་ཆ་རྐྱེན་ཁ་གསལ་བཟོས་ཡོད།

    མཐར་གཏུགས་ནས་བརྗོད་ན། ཁེ་ལས་དང་མི་སྒེར་ཚང་མར“རྒྱུ་ཆ་ངོ་མ”ཡོད་ན་ད་གཟོད་སྲིད་ཇུས་དེ་དག་ལོངས་སུ་སྤྱོད་ཆོག ཁ་ཕྱོགས་གཏན་འཁེལ་གནད་སྨིན་གྱི་གཟིགས་སྐྱོང་ཇུས་འགོད་ལས་སྲིད་ཇུས་ཀྱི་ཁེ་སྤོགས་མངོན་པ་མ་ཟད། ཁྲལ་འབབ་དྲང་གཞག་གི་མཐའ་ཚད་ཀྱང་སྲུང་ཐུབ་ཡོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་ཕྱོགས་གཅིག་ནས“ལམ་ལུགས་དང་། ཚན་རྩལ། མཉམ་ལས”བཅས་ཟུང་དུ་འབྲེལ་བའི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་མ་ལག་བཙུགས་ནས་ཁྲིམས་འགལ་བྱེད་སྤྱོད་སྤེལ་ས་མེད་པར་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཁྲལ་བསྡུ་ཡོངས་བསྒྲགས་ཅན་ལ་སྐུལ་འདེད་བཏང་སྟེ་སྐབས་འཚོལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་གི་ཡོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བཙུགས་ཚུན། ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་བཅས་གཙོ་ཁྲིད་ཐོན་ལས་ཆེ་གྲས་བཞིར་དམིགས་ནས། རང་མོས་ཚོང་དོན་གྲུ་ཁར་དངོས་སུ་གཞི་ཚུགས་ཏེ་དངོས་ཚན་དཔལ་འབྱོར་གཉེར་མཁན་ཁེ་ལས་དང་ཤེས་ལྡན་པ་ཁག་གཅིག་གི་ཡིད་དབང་བཀུག་ནས་སྲིད་ཇུས་ཀྱི་ཕན་ནུས་རིམ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བཞིན་ཡོད་པ་རེད།

    གླིང་ཕྲན་ཡོངས་སུ་ཁྲལ་སྡོམ་ལས་གཉེར་བྱས་པའི་ཉིན་བརྒྱའི་རིང་། གྲངས་གཞི་རེ་རེ་ལས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྐྲུན་པའི་གྲུབ་འབྲས་མངོན་པ་སྟེ། གླིང་ཕྲན་ནས་བྲལ་སྐབས་ཁྲལ་འཇལ་མི་དགོས་པའི་ཚོང་ཟོག་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་156.2ཟིན་པ་དེ་དུས་མཚུངས་ལས་27.64%འཕར་བ་དང་། རིམ་རྩིས་བརྒྱབ་ན་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་8.5མང་དུ་ཕྱིན་པ་དེ་དུས་མཚུངས་ལས་39.87%འཕར་བ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་800ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་32.9%འཕར་བ། ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་22.3ཟིན་པ་དེ་དུས་མཚུངས་ལས་54%འཕར་བ་ལ་སོགས་སྒོ་དབྱེ་དང་གོ་རིམ་ལྡན་པའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་མགོ་བདེ་གླགས་ཚོང་རྒྱག་ས་ཞིག་མིན་པར་འབད་འཐབ་མཁན་གྱིས་ཕུགས་འདུན་དོན་གཉེར་བྱེད་པའི་ཞིང་ས་ཞིག་རེད།

    དེ་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཡིན་ཞིང་། དེར་དགོས་པ་ནི“སྒོ་དབྱེ”ཙམ་མིན་པར་དེ་བས“སྐྱོན་བྲལ་གྱི་སྒོ་དབྱེ”ཡིན་པ་དང་བརྩོན་ལེན་བྱེད་པ་ནི“གསོན་ཤུགས”ཙམ་མིན་པར་དེ་བས“རྒྱུན་མཐུད་ཐུབ་པའི་གསོན་ཤུགས”ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།