དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།

    གློག་སྒུལ་རྐང་འཁོར་གྱི་ལིས་གློག་རྫས་ཚུར་བསྡུ་བེད་སྤྱོད་ཚད་ལྡན་དུ་གཏོང་བར་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-09

     ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས《གློག་སྒུལ་རྐང་འཁོར་གྱི་ལིས་གློག་རྫས་ཚུར་བསྡུ་བེད་སྤྱོད་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས། མཁོ་འཚོང་མཉམ་ལས་ཁང་དང་དེ་བཞིན་མཉམ་ལས་ཁང་ལ་དབང་བའི་ཁེ་ལས་ཀྱི་བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ས་ཚིགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། གཞི་རིམ་དུ་ཚུར་བསྡུའི་ལས་དོན་ཁྱབ་པར་བྱས་ཏེ་ལིས་གློག་རྫས་ཚད་ལྡན་ཚུར་བསྡུ་དང་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་རེད།

    བརྡ་ཐོའི་ནང་ད་ཡོད་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་དང་། སྣེ་འདྲེན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་ལྟ་ཞིབ་ཚད་ལེན་ལ་རྒྱབ་སྐྱོར། མཐུན་སྦྱོར་འགན་ལེན་ཡག་པོ་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད། བརྡ་ཐོའི་ནང་། གློག་སྒུལ་རྐང་འཁོར་ཧྲིལ་པོ་དང་དེ་བཞིན་ལིས་གློག་རྫས་ཐོན་སྐྱེད་ཁེ་ལས་ཀྱིས་མཉམ་ལས་ཁང་ལ་དབང་བའི་ཁེ་ལས་དང་མཉམ་ལས་བྱས་ནས་ཚུར་བསྡུའི་ས་ཚིགས་སྐྲུན་པར་ཁྲིད་སྟོན་བྱས་ཏེ། ལིས་གློག་རྫས་ཚུར་བསྡུ་དང་། གསོག་ཉར། ཕྱོགས་བསྡུས་བེད་སྤྱོད་བཅས་ཡག་པོ་བྱེད་དགོས་པ་དང་། བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་ཆེ་རུ་བཏང་ནས། ཀྲུང་གོ་བསྐྱར་སྐྱེས་ཐོན་ཁུངས་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་ཀྱིས་ལིས་གློག་རྫས་ཚུར་བསྡུ་བེད་སྤྱོད་ཀྱི་འཆར་འགོད་དང་བཀོད་སྒྲིག་བྱེད་པར་སྐུལ་མ་བཏང་སྟེ་སྟབས་བསྟུན་སྣ་མང་གི་ཚུར་བསྡུ་བྱེད་སྟངས་ཁྱབ་གདལ་གཏོང་དགོས་པ། གྲངས་འཛིན་ཅན་གྱི་ལག་རྩལ་སྤྱད་དེ་ལིས་གློག་རྫས་ཀྱི་ཆ་འཕྲིན་རྒྱུགས་ཕྱོགས་ལྟ་ཞིབ་ཚད་ལེན་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། འབྲེལ་ཡོད་ཞུགས་མཁན་བྱེད་པོས་ལས་སྟེགས་བརྒྱུད་ཚུར་བསྡུའི་ཆ་འཕྲིན་བསྐུར་བར་ཁྲིད་སྟོན་བྱེད་དགོས་པ། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་འཚོལ་ཞིབ་ཀྱིས་འབྲེལ་མཐུད་ལམ་སྲོལ་འཛུགས་པར་ནན་བཤད་བྱས་ཏེ། ལས་ཀའི་བཀོད་གཏོང་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།