རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ལ་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་གི་བྱ་དགའ་ཐེངས་དང་པོ་ཐོབ་པ།
གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་འཚོགས་པའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་གི་བྱ་དགའི་གཟེངས་བསྟོད་བཞུགས་མོལ་ཚོགས་འདུ་སྐབས་དྲུག་པའི་ཐོག་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《“གངས་ཅན་རིག་མཛོད”པོད་བརྒྱ་ཕྱོགས་བསྒྲིགས་ཏེ། གཅེས་ཉར་པར་གཞི(བོད་ཡིག)》ལ་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་གི་སྐབས་དྲུག་པའི་བྱ་དགའ་ཐོབ་པ་དང་། འདི་ནི་རང་ལྗོངས་ལ་བྱ་དགའ་འདི་ཐོབ་ཐེངས་དང་པོ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་གི་བྱ་དགའ་ནི་རང་རྒྱལ་གྱི་དཔེ་སྐྲུན་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་མཐོ་ཤོས་ཤིག་ཡིན་ཞིང་། དེ་ལས་རྒྱལ་ནང་གི་དཔེ་སྐྲུན་ལས་རིགས་ཀྱི་མཚན་སྙན་མཐོ་ཤོས་མཚོན་གྱི་ཡོད། རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ཆེད་ལས་དཔེ་སྐྲུན་ཁང་འབའ་ཞིག་ཡིན་པའི་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་1989ལོར་དངོས་སུ་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་བྱེད་རྒྱུ་འགན་འཁྲིར་བརྩིས་ནས“གངས་ཅན་རིག་མཛོད”ཀྱི་མཚོན་རྟགས་རང་བཞིན་གྱི་དཔེ་སྐྲུན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།