དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་བརྗེའི་དྲན་འཆར་འཚོལ། གསར་བརྗེའི་རིག་གནས་སྤེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    འདི་ནི་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཐུང་ཀུའུ་རྫོང་ཆི་ཕིན་གྲོང་རྡལ་ལྟེ་བའི་སློབ་གྲྭའི་དགེ་སློབ་ཚོས་ཧུའུ་ནན་དང་། ཧུའུ་པེ། ཅང་ཤིས་བཅས་ཞིང་ཆེན་གྱི་སུའུ་ཝེ་ཨེ་སྲིད་གཞུང་གི་གནས་རྙིང་དུ་བསྐྱོད་དེ་གསར་བརྗེའི་རིག་གནས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཟླ་4ཚེས་4ཉིན། ཀྲེ་ཅང་ཅ་ཤིན་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་དུ་གྲོགས་པོ་ཆུང་ཆུང་ཞིག་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཟླ་4ཚེས་5ཉིན། ཧྲང་ཧའེ་གྲོང་ཁྱེར་ལུང་ཧྭ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་གྲོང་མིས་མེ་ཏོག་འབུལ་བཞིན་པ།

    དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་གསར་བརྗེའི་གནས་རྙིང་དང་། གསར་བརྗེའི་དྲན་གསོ་ཁང་། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་སུ་མྱ་ངན་དང་རྗེས་དྲན་ཞུ་བར་བསྐྱོད་དེ། སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་ལྟ་བ་དང་དད་སེམས་ཀྱི་སྟོབས་ཤུགས་བླངས་ནས། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་པ་རེད།

    དེང་བསམ་སྔ་དྲན་གྱི་བརྩེ་སེམས་ཟབ་པའི་རྗེས་དྲན་ཞུ་བའི་བྱེད་སྒོ་མང་པོ་ལས་ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་དྲན་འཆར་ཁྲོད་དེ་བས་རྔམ་བརྗིད་ལྡན་པར་གྱུར་ཡོད།

    རྗེས་དྲན་ཁྲོད་རྒྱུན་འཛིན་བྱས་ནས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ།

    དཔའ་བོ་ནི་མི་རིགས་ཀྱི་ཆེས་འོད་མདངས་འཚེར་བའི་ཚད་འཛིན་ཞིག་ཡིན། མཆོད་འབུལ་ཞུ་བ་ནི་གང་དེའི་ནམ་ཡང་མི་ནུབ་པའི་གཟི་བརྗིད་བློ་ལ་བརྟན་པོར་ངེས་ཆེད་ཡིན།

    ཟླ་4ཚེས་5ཉིན་གྱི་སྔ་དྲོར། ཧྲང་ཧའེ་གྲོང་ཁྱེར་ལུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཞོགས་པའི་ཉི་འོད་ཐང་ཆེན་དུ་འཕྲོས། ཆུ་ཚོད་9པ་ཏག་ཏག་ལ་རྒྱལ་གླུ་གྲགས་པ་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། བརྗིད་ཉམས་ལྡན་པའི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་ཁ་ཕྱོགས་ནས་གུས་དམག་དལ་བུར་མདུན་དུ་བསྐྱོད་དེ་མེ་ཏོག་སི་ར་ཕུལ། ཚང་མས་སྒམ་བརླིང་ངང་ངག་བསྡམས་ནས་མྱ་ངན་ཞུས་པ་དང་སྔོན་གཤེགས་དཔའ་བོར་གུས་འདུད་ལན་གསུམ་ཞུས་པ་རེད།

    ད་ལོའི་དྭངས་གསལ་དུས་ཚིགས་སུ། ཧྲང་ཧའེ་ཡིས་ལུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་ཀྱི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་དུར་ཕྱགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་སྔོན་གཤེགས་དཔའ་བོ་ཆིན་ཧུང་ཅུན་གྱི་རྗེས་རབས་པ་ཆིན་ལིན་གྱིས་རྡོ་རིང་མདུན་དུ་སྔོན་བྱོན་པའི་དཔའ་ངར་ཞུམ་མེད་ཀྱི་མཛད་རྗེས་ལ་སེམས་འགུལ་ཐེབས་བཞིན་དུ་རྗེས་དྲན་ཞུས་པ་དང་། ལོ་ཆུང་གདོང་ལེན་རུ་མིས《ཐང་ཤིང་བསྟོད་འབུལ》གྱེར་འདོན་བྱས་པ་མ་ཟད། གྲོང་མི་མང་པོས་ལུས་པོ་བསྒུར་ནས་ལག་ཕྱིས་དཀར་པོས་བང་སོའི་རྡོ་རིང་ཕྱིས་པ་རེད།

    ལེའོ་ཉིང་ཧྲེན་དབྱང་གི་ས་གཞི་ཆེན་པོར་དཔྱིད་གྲང་ཆེ་ཞིང་། ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་ཕྱགས་བྱེད་པར་ཡོང་བའི་མང་ཚོགས་རྒྱུན་ཆད་རྒྱུ་མེད། འདི་གར་དབྱང་ཀེན་སི་དང་ཧོང་ཅི་ཀོང་སོགས་སྔོན་གཤེགས་དཔའ་བོ་120ལྷག་ཙམ་དང་། དེ་བཞིན་ཉེ་བའི་ལོ་ཤས་རིང་བསུས་པའི་ཧན་གོར་ཡོད་པའི་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་1000ལྷག་ཙམ་པུར་འཇུག་བྱས་ཡོད།

    ལེའོ་ཉིང་སློབ་ཆེན་གྱིས་དགེ་སློབ་སྒྲིག་འཛུགས་བྱས་ནས་བང་སོའི་སྐྱེད་ཚལ་དུ་དྭངས་གསལ་དུས་ཚིགས་ཀྱི་དུར་ཕྱགས་བྱེད་སྒོ་སྤེལ་ཞིང་། དངོས་ཁམས་སློབ་གླིང་གི་སློབ་མ་དབྱང་ཤིན་ལི་དལ་བུར་མདུན་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ཞིག་གི་མདུན་དུ་མེ་ཏོག་སོས་པ་ཕུལ།

    “ངས་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་ཕུལ་བ་ཡིན། དེ་སྔོན་དཔེ་དེབ་ཐོག་ནས་མཐོང་བའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་མྱོང་ཚོར་དེ་བས་ཟབ་མོ་བྱུང”ཞེས་དབྱང་ཤིན་ལི་ཡིས་བརྗོད། ཁོང་གིས“དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས། ང་ཚོས་སྔོན་གཤེགས་དཔའ་བོའི་ལེགས་སྐྱེས་ནམ་ཡང་བློ་ལ་བརྟན་པོར་ངེས་པ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ། སློབ་སྦྱོང་བརྩོན་ཞིང་དོན་ལ་འཁྱོལ་བ། འཇོན་ཐང་སྦྱོང་བ་བཅས་བྱས་ཏེ། ང་ཚོ་མི་རབས་འདིས་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།

    གསར་བརྗེའི་རིག་གནས་ཡུལ་སྐོར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ།

    གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་ན་འགྲིམ་པའི་ལམ་བུ་མཐོང་ཐུབ་ལ། ཕྱུག་འགྱུར་ལམ་བུར་ཡང་ཁྲིད་སྟོན་བྱེད་ཐུབ།

    དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། ཀན་སུའུ་ནན་ལེང་གི་གསར་བརྗེའི་དྲན་གསོ་ཁང་དུ་འཆད་འགྲེལ་པས་ཞིབ་སློབ་ཚོགས་པར་སྔོན་བྱོན་པའི་གཟི་བརྗིད་ལྡན་པའི་མཛད་རྗེས་བརྗོད་བཞིན་ཡོད།

    དུས་རབས་20པའི་ལོ་རབས་30པར། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚོས་ཧྭ་ཁྲི་རྫོང་གི་ནན་ལེང་ལྟེ་བར་བྱས་ནས་ཧྲའན་ཀན་མཐའ་ཁུལ་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་བཙུགས་པ་དང་། དེ་ནས་བཟུང་སྔོན་ཆད་ལུང་སྟོང་ས་རྒྱུ་ཞན་པའི་ས་གཞི་འདིར་ཐོག་དང་རླུང་དམར་འཁྱུག་པ་ལྟ་བུའི་གསར་བརྗེ་བྱེད་འགོ་ཚུགས།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་བརྒྱུད། ནན་ལེང་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཉིན་དང་པོ་དང་གཉིས་པར་ནན་ལེང་གསར་བརྗེའི་དྲན་གསོ་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་3ཙམ་ལ་སྣེ་ལེན་ཞུས་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    གསར་བརྗེའི་རིག་གནས་ཡུལ་སྐོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཞིང་། 2025ལོར། ཧྭ་ཁྲི་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་374.8ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་17.04%འཕར་བ་དང་། ཡུལ་སྐོར་བའི་འགྲོ་སོང་དུས་མཚུངས་ལས་16.5%འཕར་ནས། གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་པའི་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཉིད་རྫོང་དེའི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ལ་གྱུར་ཡོད།

    འགྱུར་མེད་འབད་འཐབ་བྱས་ནས་མུ་མཐུད་ཞུམ་མེད་མདུན་སྐྱོད་བྱེད་པ།

    ཡུལ་དུས་ལས་བརྒལ་བའི་དད་མོས་ཀྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད།

    ཟླ་4ཚེས་3ཉིན་གྱི་སྔ་དྲོར། ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་གསར་བརྗེའི་བུད་མེད་དམག་གི་དྲན་གསོ་ཁང་དུ་ཡུལ་དུས་ལས་བརྒལ་བའི་གསར་བརྗེའི་ཞིབ་སློབ་བྱེད་སྒོ་ཞིག་སྤེལ་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ། འགྲེམས་པང་མང་པོའི་ཐོག་གསར་བརྗེའི་བུད་མེད་དམག་གི་མཛད་རྗེས་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱེད་པ་སོགས་གསོན་ཉམས་དོད་པོས་མངོན་ཞིང་། ཧའེ་ནན་པོ་ཨའོ་ལེ་ཁྲེང་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་སྔོན་སྤེལ་ཁུལ་དོ་དམ་ཅུས་ཀྱི་ལས་བྱེད་པ་སུན་ཀོན་ཧྭ་ཡིས“མུ་འབྲེལ་ནས་ལྟ་བ་དང་མཉམ་དུ་སློབ་སྦྱོང་བྱས་ཚེ། གསར་བརྗེའི་བུད་མེད་དམག་གི་དཀའ་ཉེན་ལ་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་ཁྲོད་ནས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་དད་སེམས་དང་ཆོད་སེམས་དེ་བས་བརྟན་དུ་འགྲོ་ཐུབ”ཅེས་བརྗོད།

    སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་ནས་རྗེས་དྲན་ཞུ་བ་དང་། མཛད་རྗེས་རྡོ་རིང་བཙུགས་ནས་རྗེས་རབས་པར་སྐུལ་ལྕག་བྱེད། བློ་ལ་བརྟན་པོར་ངེས་པ་ནི་དེ་བས་བློ་བརྟན་འགྱུར་མེད་ངང་འགན་འཁྲི་འཁུར་བའི་ཆེད་དུ་ཡིན་པ་དང་། ཕྱིར་དྲན་བྱེད་པ་ནི་དེ་བས་ལེགས་པའི་སྒོ་ནས་རྡོག་ཐོན་བྱེད་པའི་ཆེད་དུ་ཡིན། རྒྱུན་མཐུད་འབད་འཐབ་བྱེད་རིང་དཔའ་བོའི་སྙིང་སྟོབས་ནམ་ཡང་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།