དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་དུས་ཚིགས་དང་པོར་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་4300ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་4331.7ལྷག་ཙམ་ཟིན་ནས་མི་ཐེངས་ཁྲི་6093.3ལ་ཕན་པ་ཐོབ་ཡོད་པ་རེད།

    འདི་ལོ་ནས་བཟུང་། ཚོང་དོན་པུས་ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་དང་མཉམ་དུ་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། ལྗང་མདོག་རིག་ནུས་ཀྱི་ཁྲིད་སྟོན་ལ་དེ་བས་སྣང་ཆེན་དང་། དྲ་ཕྱིའི་དངོས་ཚན་ལ་རྒྱབ་སྐྱོར། གྲངས་རིག་གི་མཐུན་རྐྱེན་སྦྱོར་བ། སྲིད་ཇུས་གཅིག་སྡུད་མཐུན་སྦྱོར་ཤུགས་འདོན་བཅས་བྱས་ཏེ་དུས་ཚིགས་དང་པོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་འགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་ནས། འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད།

    དུས་ཚིགས་དང་པོར། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་ཁྱོན་ཁྲི་140.8འབྱོར་བ་དང་རླངས་འཁོར་གསར་པ་ཕྱིར་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་2286.9ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད། དེའི་ནང་བེད་མེད་དུ་གྱུར་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་ཁྲི་40.3འབྱོར་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་519.6ཟིན་པར་སྐུལ་ཁྲིད་བྱས་པ་དང་། ཚབ་བྱེད་གསར་བརྗེའི་ཁ་གསབ་རེ་ཞུ་ཁྲི་100.5འབྱོར་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1767.3ཟིན་པར་སྐུལ་ཁྲིད་བྱས་ཡོད།

    དུས་ཚིགས་དང་པོར། ཁྱིམ་སྤྱོད་གློག་ཆས་རིགས་6རྙིང་པ་གསར་པར་བརྗེ་བ་དང་། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཁྱོན་ཁྲི་5952.5ཕྱིར་ཚོང་བྱས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2044.8ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད། དེའི་ནང་ཁྱིམ་སྤྱོད་གློག་ཆས་རིགས་6རྙིང་པ་གསར་པར་བརྗེ་བའི་གྲངས་འབོར་ཁྲི་2320.5ཕྱིར་ཚོང་བྱས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་954.3ཟིན་པར་སྐུལ་ཁྲིད་བྱས་པ། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཁྲི་3632ཕྱིར་ཚོང་བྱས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1090.5ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།