དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ལྕགས་ལམ་ནས་ཉིན་རྐྱང་པའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་4ཉིན། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་2212.3སྐྱེལ་འདྲེན་བྱས་ནས་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ཉིན་རྐྱང་པའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ཟླ་4ཚེས་5ཉིན་རྒྱལ་ཡོངས་ལྕགས་ལམ་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1470སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་768མང་དུ་གཏོང་རྩིས་ཡོད་པ་རེད།

    ལྕགས་ལམ་12306གི་མེ་འཁོར་སྤ་སེ་སྔོན་ཚུད་ནས་འཚོང་བའི་གནས་ཚུལ་ལ་བལྟས་ན། ཚེས་5ཉིན་ཐོན་མང་བའི་གྲོང་ཁྱེར་གཙོ་བོ་པེ་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ། ཀོང་ཀྲོའུ། ཁྲེང་ཏུའུ། ནན་ཅིང་། ཝུའུ་ཧན། ཁྲུང་ཆིང་། ཧྲེན་ཀྲེན། ཤིས་ཨན་བཅས་ནས་ཡིན་པ་དང་འབྱོར་སའི་གྲོང་ཁྱེར་གཙོ་བོ་ཁྲེང་ཏུའུ་དང་། ཧྲང་ཧའེ། ཀོང་ཀྲོའུ། པེ་ཅིང་། ཧང་ཀྲོའུ། ཧྲེན་ཀྲེན། ནན་ཅིང་། ཝུའུ་ཧན། སུའུ་ཀྲོའུ། ཀྲེང་ཀྲོའུ་བཅས་སུ་རེད།

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་5ཉིན། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་འགྲུལ་བཞུད་ཉིན་གཅིག་གི་གོང་ལས་ཅུང་འཕར་ཡོད་ཅིང་། ཚེས་5ཉིན་གྱི་ཆུ་ཚོད་18པའི་བར་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། གཞི་ཁྱོན་ཆེ་བ་དང་། དུས་ཡུན་རིང་བ། ལམ་ཐག་རིང་བ་བཅས་ཀྱི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཚབས་ཆེན་ཐོན་པའི་རིགས་དང་འགྲིམ་འགྲུལ་ལས་འཛོལ་ཆེན་པོ་ཐོན་རིགས་ཀྱི་སྙན་སེང་འབྱོར་མེད་པ་རེད།

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་5ཉིན་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་མི་ཐེངས་ཁྲི་26727.6ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།