དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིམ་རྩིས་བརྒྱབ་ན་དྲ་སྦྲེལ་གློག་འདོན་ཚད་ལོ་5བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།

    ​ རང་རྒྱལ་གྱི་མཚོ་ཐོག་རླུང་གློག་ཐོན་ལས་ཀྱི་ལེགས་ཆ་ཆེ་རུ་ཟམ་མི་ཆད་པར་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏིང་དབྱི་ཐིང་།   |     སྤེལ་དུས།  2026-04-08

    འདི་ནི་ལུང་ཡོན་གློག་ཤུགས་ཧའེ་ནན་ཆི་ཡོན་མཚོ་ཐོག་རླུང་གློག་ར་བ་ཡིན་པ།

    མཚོ་ཐོག་རླུང་གློག་ལས་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་ཐུབ་ཅིང་། ཟླ་4ཚེས་5ཉིན་ཧའེ་ནན་ཤར་ཕྱོགས་གྲོང་ཁྱེར་གྱི་ནུབ་རྒྱུད་མཚོ་ཁོངས་སུ་མདའ་རྟེན་གྱི་མཐོ་ཚད་ལ་སྨི་139.4དང་རླུང་གཤོག་རྐྱང་པའི་རིང་ཚད་སྨི་ལ་118ཟིན་པའི་རླུང་འཁོར་དལ་བུར་འགུལ་བ་དང་བསྟུན་ནས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ལུང་ཡོན་གློག་ཤུགས་ཧའེ་ནན་ཆི་ཡོན་མཚོ་ཐོག་རླུང་གློག་ར་བའི་འཕྲུལ་ཚན་ཁག་དང་པོ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ་རེད། རྣམ་གྲངས་དེར་ཀྲའོ་ཝ་10ཟིན་པའི་རླུང་གློག་འཕྲུལ་ཚན་22དང་ཀྲའོ་ཝ་14ཟིན་པའི་རླུང་གློག་འཕྲུལ་ཚན་20སྒྲིག་སྦྱོར་བྱེད་རྩིས་ཡོད་པ་དེ་དག་ཚང་མ་འཁོར་རྒྱུག་བྱས་རྗེས་ལོར་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་15ལྷག་ཙམ་གཏོང་ཐུབ་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་46.7ཉུང་དུ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་127.1འབུད་ཉུང་དུ་གཏོང་བ་དང་གཅིག་མཚུངས་རེད།

    རང་རྒྱལ་གྱི་མཚོ་ཐོག་རླུང་གློག་ཐོན་ལས་ལ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གྲུབ་བཞིན་ཡོད་ཅིང་། ཀྲའོ་ཝ་20ཟིན་པའི་མཚོ་ཐོག་རླུང་འཁོར་འདེགས་སྒྲིག་ཐུབ་པ་དེས་གོ་ལ་ཧྲིལ་པོའི་དངོས་ཡོད་ཀྱི་རྒྱ་མཚོའི་ཁོར་ཡུག་ཁྲོད་ཀྱི་འདེགས་སྒྲིག་འཕྲུལ་ཚན་རྐྱང་པའི་གློག་འདོན་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད། རང་རྒྱལ་གྱི་མཚོ་ཐོག་རླུང་གློག་གི་གློག་འདོན་ཚད་ཆེ་བའི་རླུང་གློག་འཕྲུལ་ཚན་གོ་ལ་ཧྲིལ་པོའི་སྔོན་དུ་སླེབས་པ་དང་རང་རྒྱལ་གྱི་ཚབ་བྱེད་ལག་རྩལ་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་བྱུང་ཁར་འཕྱོ་གཡེང་རྣམ་པའི་མཚོ་ཐོག་རླུང་གློག་དེ་དག་ཚོད་ལྟ་དང་དཔེ་སྟོན་དུས་མཚམས་སུ་སླེབས་པ་རེད།

    གཞི་ཁྱོན་ནས་བལྟས་ཚེ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་གཉིས་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་རླུང་གློག་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་6.5ཟིན་པ་དེ་དུས་མཚུངས་ལས་22.8%འཕར་ཡོད། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་མཚོ་ཐོག་རླུང་གློག་གི་དྲ་སྦྲེལ་གློག་འདོན་བྱེད་ཚད་ཆན་ཝ་ཁྲི་4700ལྷག་ཙམ་ཟིན་ནས་ལོ་5བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    ལག་རྩལ་ནས་བལྟས་ཚེ། སྐམ་ས་དང་བར་ཐག་སྤྱི་ལེ་80ལྷག་ཙམ་ཡོད་པའི་ཁུལ་དུ་ཀྲུང་གོ་ཧྭ་གློག་དབྱང་ཅང་སན་ཧྲན་གླིང་ཕྲན་གྱི་མཚོ་ཐོག་རླུང་གློག་ར་བ་དྲུག་པའི་རྣམ་གྲངས་བརྟན་པོའི་ངང་གཉེར་སྐྱོང་བྱེད་བཞིན་ཡོད་ཅིང་། ཧྭ་གློག་དབྱང་ཅང་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལི་ཞང་གིས“དེ་ནི་རྒྱལ་ནང་དུ་ཀྲའོ་ཝ་16.2ཟིན་པའི་མཚོ་ཐོག་རླུང་གློག་འཕྲུལ་ཚན་གཞི་ཁྱོན་ཆེན་པོས་སྤྱོད་པའི་རྣམ་གྲངས་དང་པོ་ཡིན་པ་དང་འཕྲུལ་ཚན་གྱིས་རིག་ནུས་ཤེས་ཚོར་དང་རིག་ནུས་བརྡར་གཅོད་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་རླུང་གློག་ར་བར་ཁེ་སྤོགས་5%ནས་10%བར་མང་དུ་ཕྱིན་ཡོད”ཅེས་བརྗོད།

    ཚོ་འདུས་ནས་བལྟས་ཚེ། མཚོ་རྒྱུད་ས་ཁུལ་གྱིས་ཐོན་ལས་འཁོར་འབྲེལ་གྱི་བཀོད་པ་མགྱོགས་སུ་བཏང་ནས་མཚོ་ཐོག་རླུང་གློག་ཐོན་ལས་རྟེན་གཞི་གལ་ཆེན་མང་པོ་གྲུབ་པའི་ནང་རླུང་གློག་བཟོ་སྐྲུན་དང་། ལེ་ལག་ཚང་བའི་སྒྲིག་ཆས། ཨར་ལས་སྒྲིག་སྦྱོར། བཀོལ་སྤྱོད་བདག་སྐྱོང་ཞབས་ཞུ་སོགས་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཚུད་ཡོད། ཅང་སུའུ་ཡན་ཁྲེང་དུ་མཚོ་ཐོག་རླུང་གློག་གི་འཕྲུལ་ཚན་ཧྲིལ་པོའི་ཐོན་ནུས་ཀྱིས་རྒྱལ་ཡོངས་ཀྱི་40%ཙམ་ཟིན་པ་དང་རླུང་གཤོག་ཐོན་ནུས་ཀྱིས་རྒྱལ་ཡོངས་ཀྱི་20%ཙམ་ཟིན་ཡོད།

    ཡག་པོ་སྐྲུན་དགོས་ལ་ད་དུང་སྐྱེལ་ཐུབ་པ་དང་ཡག་པོ་སྤྱོད་ཐུབ་པ་དགོས་སྟབས་མཚོ་ཐོག་རླུང་གློག་དྲ་སྦྲེལ་ནུས་པའང་ཆེ་རུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད། ཟླ་3ཚེས་31ཉིན་དབྱང་ཅང་སན་ཧྲན་གླིང་ཕྲན་གྱི་མཚོ་ཐོག་རླུང་གློག་གློག་གཏོང་ལས་གྲྭ་འགག་རྩའི་མཚམས་ཚིགས་སུ་སླེབས་ཏེ་ལྗིད་ཚད་ཏུན་ཆིག་ཁྲི་ལས་བརྒལ་བའི་མཚོ་ཐོག་གློག་རྒྱུན་བསྒྱུར་ཚིགས་ཀྱི་འདྲེན་སྦུག་སྒྲོམ་སྐམ་ས་ནས་སྐྱེལ་འདྲེན་གྲུ་གཟིངས་བར་གྱི་བརྒྱུད་སྐྱེལ་ལས་དོན་ལེགས་སྒྲུབ་བྱས་པ་རེད། ལས་གྲྭ་ལེགས་གྲུབ་ཟིན་རྗེས་ལོ་ལྟར་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་60ཙམ་སྐྱེལ་འདྲེན་ཐུབ་རྒྱུ་རེད།

    རྒྱལ་ཐོན་ཅན་གྱི་ལག་རྩལ་ཚད་བརྒལ་དང་དཔལ་འབྱོར་རང་བཞིན་རིམ་སྤོར་བྱེད་པ་དང་སྦྲགས། རིམ་རྩིས་བརྒྱབ་ན་རང་རྒྱལ་གྱི་མཚོ་ཐོག་རླུང་གློག་གི་གློག་འདོན་ཚད་ཀྱིས་གོ་ལ་ཧྲིལ་པོའི་མཚོ་ཐོག་རླུང་གློག་གི་གློག་འདོན་ཚད་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་པོ་ཧའེ་རྒྱ་མཚོ་དང་། ཧོང་ཧའེ་རྒྱ་མཚོ། ཤར་རྒྱ་མཚོ། ལྷོ་རྒྱ་མཚོ་བཅས་ཀྱི་མཚོ་ཁོངས་སུ་མཚོ་ཐོག་རླུང་གློག་རྟེན་གཞི་བསྐྲུན་ནས་གཏིང་རིང་དང་རྒྱང་རིང་རྒྱ་མཚོའི་རླུང་གློག་གསར་སྤེལ་ལ་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། མཚོ་ཐོག་རླུང་གློག་དྲ་སྦྲེལ་ནས་གློག་འདོན་ཚད་ཁྱོན་ཆན་ཝ་དུང་ཕྱུར་1ཡན་དུ་སླེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།