དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞིའི་དོ་དམ་བྱ་ཐབས་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    ཉེ་ཆར། ཀན་སུའུ་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀན་སུའུ་ཞིང་ཆེན་ཁྲལ་དོན་ཅུས་དང་མཉམ་དུ《ཀན་སུའུ་ཞིང་ཆེན་གྱི་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞིའི་དོ་དམ་བྱ་ཐབས》 བཀྲམ་ཞིང་། དེའི་ནང་སྤྱད་འཐུས་ཁྱབ་ཁོངས་དང་། གཞི་རྩའི་གྲོན་ཚད། དམིགས་བསལ་བྱེད་པོའི་སྒྲིག་སྲོལ། འཕར་ཆག་ལམ་སྲོལ། རྩོད་གཞི་ཐག་གཅོད་སོགས་འགག་རྩའི་དོན་ཚན་གསལ་པོ་བཟོས་ཡོད།

    བྱ་ཐབས་ནང་གཏན་འཁེལ་ཁ་གསལ་བྱས་དོན། ཞིང་ཆེན་རིམ་པའི་ངོས་ནས“གཏོང་སྒོ་ལྟར་ཡོང་འབབ་གཏན་འཁེལ་དང་གཏོང་ཡོང་དོ་སྙོམ”གྱི་རྩ་དོན་ལྟར། ལས་རྨས་འགན་བཅོལ་ཐེབས་རྩའི་རིམ་རྩིས་བསྡོམས་གསོག་གཞི་ཁྱོན་གཞིར་བཟུང་། ལས་རིགས་ཀྱི་གཞི་རྩའི་གྲོན་དངུལ་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱེད་དགོས། མི་སྤྱོད་ཚན་པའི་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་ཁྱོན་ཡོངས་ནས་འཕར་ཆག་གི་དོ་དམ་ལག་བསྟར་བྱེད་པ་དང་། ལོ་གཉིས་རེར་འཕར་ཆག་ལེགས་སྒྲིག་ཐེངས་རེ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ལག་འགྲིམ་སྒྲིག་གཞིས་འགན་བཅོལ་ནང་ཞུགས་མཁན་ཚན་པའི་ལས་རྨས་ཐོན་ཚད་དང་ཐེབས་རྩ་བེད་སྤྱོད་བྱས་ཚུལ་ལ་གཞིགས་ནས། འགན་བཅོལ་ནང་ཞུགས་མཁན་ཚན་པའི་ལས་རྨས་ཉེན་ཁར་ཁྱོན་ཡོངས་ནས་དཔྱད་དཔོག་བྱས་ཏེ་གྲོན་དངུལ་ཚད་གཞི་འཕར་ཆག་གཏན་འཁེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།