དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གྱི་སྤུས་ལེགས་ཐོན་རྫས་CMGམང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་རར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    ཉེ་ཆར། 2026ལོའི་ཐའེ་ཧྲན་གྱི་ཆུ་བཟང་ཞེས་པའི་CMGམང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་ས་ཚིགས་གཉིས་པའི་འགྲན་བསྡུར་དེ་ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྲོང་ཁྱེར་དུ་སྤྲོ་སེམས་འཁོལ་པོས་འགོ་ཚུགས་ཤིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་ནང་ཁུལ་གྱི་ཞིང་ལས་དང་ཡུལ་སྐོར་ཁེ་ལས་གཙོ་བོ་དག་སྒྲིག་འཛུགས་བྱས་ཏེ། “ཆུ་འགོའི་ཡུལ་ཤུལ། གླིང་སྣེའི་ཐོན་རྫས”ཞེས་པའི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་མང་དག་ཅིག་འགྲན་རར་འགྲེམས་སྟོན་བྱས་པ་རེད།

    ཐེངས་འདིའི་གདན་ཞུའི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་མང་ཚོགས་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་རྩེ་གྲ་དྲུག་ཞུགས་ཤིང་། ཡུལ་ཤུལ་རུ་ཁག་གིས་དཔའ་ངར་ཞུམ་མེད་ངང་འབད་འཐབ་ལྷོད་མེད་བྱས་ཏེ། ས་མཐོའི་བུ་ཕྲུག་གི་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད། འགྲན་རའི་ཕྱི་རོལ་དུ་ཡུལ་ཤུལ་གྱིས་སྨི་ངོས་གྲུ་100ཡི་དམིགས་བསལ་རྒྱན་གོས་འགྲེམས་ཁུལ་ཆེད་མངགས་བཀོད་སྒྲིག་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བྲིན་ཚོང་འོས་སྦྱོར་ཁུལ་བཀོད་སྒྲིག་བྱས་ཏེ། ཡུལ་ཤུལ་གྱི་ཚཌ་ཤ་དང་། ནས་ནག ཉུང་མ་སོགས་ས་ཁམས་མཚོན་རྟགས་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས། ཡུལ་ཤུལ་གྱི་དམིཌ་བསལ་གྱི་སྐྱེ་ཁམས་སྤུས་རྟགས་དང་ཐོན་ལས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།