དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་དཔྱིར་ཀར་སྤྲོ་སྣང་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་འགྲན་བསྡུར་སྐབས་སྤོ་ལོ་དབྱིངས་པ་ཚོས་དགའ་འབོད་བྱེད་བཞིན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་23པའི་བྲག་ཡིབ་ཆུས་ཀྱི་ཡན་ལག་ཚོགས་རའི་རིམ་སྤེལ་བྱེད་སྒོའི་གྲས་ཡིན་པའི“ཁམ་བུའི་མེ་ཏོག་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཉིང་ཁྲི་གྲོང་ཁྱེར་གྱི“ལྟེ་བ་གཅིག་དང་། ས་ཁུལ་གཉིས། གྲོང་ཁྱེར་གསུམ”བཅས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས“ཁམ་བུའི་མེ་ཏོག་ལྡུམ་རར་དཔའ་རྩལ་འགྲན། སྐྱིད་པའི་བྲག་ཡིབ་ཆུས་སུ་ལུས་སྦྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བོད་དང་། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་རྐང་རྩེད་སྤོ་ལོའི་རུ་ཁག་9འགྲན་བསྡུར་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།