དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

     ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། “དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ”དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ཏེ་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་སུ་བསྒྱུར་ཏེ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱས་པ་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དེ་སྨན་རྫས་ལྟ་འདོམས་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ། སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་འགྲོ་བར་དོགས་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དཔེ་ཀློག་འཛིན་གྲྭའི་ཐོག་སྨན་རྫས་ལྟ་འདོམས་ཅུས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ་ཡོངས་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ཁག་གིས་གཅིག་སྡུད་སློབ་སྦྱོང་དང་། དཔེ་བསྡུར་འཚོལ་བཤེར། སྤེལ་རེས་དང་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད། “སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་པ་དང་། སྲིད་དོན་ལས་རྗེས་ཇི་འདྲ་ཞིག་འཛུགས་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ”བཅས་ལ་གོ་བ་ལེན་པ་དང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པ་8ཀྱིས་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་བ་དང་། ཧེ་བག་འཚོལ་བ། བྱེད་ཐབས་གླེང་བ་བཅས་བྱས་ཏེ། བསམ་བློ་སྤེལ་རེས་བྱེད་རིང་ལས་སྒྲུབ་དང་ལས་གཏོད་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་བྱས་ཡོད།

    ལག་བསྟར་གྱི་ཇུས་གཞིར་གཞིགས་ནས། ཅུས་དེས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཏེ“དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ”དང་། འཕྲལ་བདེ་འཕྲལ་ཕན། མང་ཚོགས་ཀྱི་འདོད་བློ་དང་དོན་དངོས་དང་མི་མཐུན་པར་ཇུས་ཐག་གཅོད་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ནས་རེ་རེ་བཞིན་ཞིབ་བསྡུར་དང་། གནད་དོན་གྱི་གསལ་ཐོ་འགོད་པ་མ་ཟད་རྩིས་ཐོའི་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་སྤེལ་ཡང་བཏང་བ་རེད།

    དངུལ་རྩས་དམངས་འཚོར་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱེད་པ་དང་། ཀུན་ཕན་དངུལ་རྩར་དམིགས་ནས་གནད་སྨིན་ཤུགས་འདོན་བྱེད་པ། ལྗོངས་ཡོངས་ཀྱི“ཞིང་ཟོག་སོས་པའི་དངུལ་བུན”ཐོག་མ་དོན་འཁྱོལ་ཡོང་བར་མཛུབ་ཁྲིད་བྱས་ནས་ཚོང་དུད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་བ་བཅས་བྱས་ཏེ་ཀུན་ཕན་གྲངས་ཉུང་དངུལ་བུན་གྱི་ལྷག་གྲངས་དུས་མཚུངས་ལས་26.49%འཕར་རྒྱུར་སྐུལ་འདེད་བཏང་ཡོད། བོད་རྒྱ་སྐད་གཉིས་དྲིལ་བསྒྲགས་དང་ཉིན་རེའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་སོགས་ཀྱི་བྱ་ཐབས་བརྒྱུད་རིམ་རྩིས་བརྒྱབ་ན། ཡིད་རྟོན་བྱེད་པོ་ཁྲི་12.6ལྷག་ཙམ་ལ་ཡིད་རྟོན་སླར་གསོ་བྱས་ནས་མང་ཚོགས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཐོབ་པར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག་དངུལ་ཁང་དེས་ཞབས་ཞུའི་གཙོ་གནད་རྒྱུན་མཐུད་གཞི་རིམ་དུ་སྤེལ་ནས“དངུལ་རྩའི་བློ་འདྲིའི་རྫོང་ཁོངས་བྱ་སྤྱོད”དང“དངུལ་སྨར་གྱི་ཞབས་ཞུ་ཡག་པོའི”ཆེད་དོན་བྱ་སྤྱོད་སྤེལ་ནས་རྫོང་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་དང་དངུལ་སྨར་ཞབས་ཞུའི་འགག་གནད་སེལ་བ་དང་འབྲེལ་བཅོལ་དངུལ་འགན་བཅོལ་གྱི་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་སྡེ་ཚན་མང་པོ་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ་བྱ་ཐབས་དངོས་ལ་བརྟེན་ནས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་སྒུལ་ནུས་བསྣན་ཡོད།

    ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཏང་ཡོན་ལས་བྱེད་པར་དངོས་སྒྲུབ་གཙོ་བོ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཁྲིད་སྟོན་བྱས་ཏེ་ཁྲིམས་སྐྱོང་གི་འཐབ་ས་དང་པོ་ནས་ཡིག་བསྐུར་ངོ་བཅར་གྱི་སྐར་ཁུང་བར་དང་བོད་སྐྱོར་རྣམ་གྲངས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་བར་ཕྱོགས་གང་སར་འགན་འཁྲི་འཁུར་ཕོད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པར་བྱས་ཡོད། ཆབ་མདོ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཡིག་བསྐུར་ངོ་བཅར་ཁོའོ་ཡི་ཁོའོ་ཀྲང་འཇམ་དབྱངས་ཚེ་རིང་གིས“ང་ཚོས་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ལས་དོན་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་བཤད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་རང་འགུལ་ངང་སྡེ་ཚན་དང་། ཆུས་དང་རྫོང་། ཚན་པ་བཅས་12དང་འབྲེལ་མཐུད་བྱས་ཏེ་སྲིད་ཇུས་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་བོད་སྐྱོར་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་འཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།