དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འབྲོག་ཁུལ་དུ་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    འདི་ནི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་གཞིས་རྩེའི་འབྲོང་པ་རྫོང་གི་འབྲོག་ཁུལ་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་ཅིང་། གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་2026ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་པའི་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་ཕན་སྲིད་ཇུས་འགྲེལ་བཤད་རྒྱག་བཞིན་པ།

    ཉིན་ཤས་བསྟུད་མར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས“ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། མཐའ་མཚམས་སྲུང་བ། དམངས་འཚོར་ཕན་འདོགས་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་དེ། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་དང་ལག་བསྟར་གྱིས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཐོག ཏང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་ཕན་པ་མཐའ་མཚམས་ཀྱི་མང་ཚོགས་དང་འཐབ་ས་དང་པོའི་ལས་གནས་སུ་བརྒྱུད་སྤྲོད་གནད་སྨིན་བྱས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་ཉིང་ལག་རུ་ཁག་དེས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྒྲོག་འགྲེལ་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དེ་མཐའ་མཚམས་ཀྱི་མང་ཚོགས་དང་འགག་སྒོའི་ཚོང་དུད་སོགས་མང་ཚོགས་མི་ཐེངས་1200ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།