དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར།
སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་2.9ལྷག་ཙམ་ཟིན་པ།
ས་གནས་ཁག་གི་དུར་ཕྱགས་བྱེད་སྒོ་བདེ་འཇགས་དང་། ཤེས་དཔལ། གོ་རིམ་བཅས་དང་ལྡན་པ།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་2.9ལྷག་ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། མང་ཚོགས་ཀྱི་དུར་ཕྱགས་བྱེད་སྒོ་བདེ་འཇགས་དང་། ཤེས་དཔལ། གོ་རིམ་བཅས་དང་ལྡན་པ་ཞིག་ཡོད་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་29591.3ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་42.1%འཕར་ཡོད་པ་རེད། རྣམ་པ་དབྱེ་ནས་བལྟས་ན། ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2190ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་20.0%འཕར་བ་དང་དུས་མཚུངས་ལས་9.0%འཕར་ཡོད་པ་རེད། གཞུང་ལམ་ནས་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་ཁྲི་27074ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་44.8%འཕར་བ་དང་དུས་མཚུངས་ལས་2.3%འཕར་ཡོད་པ་རེད། དེའི་ནང་གཞུང་ལམ་ནས་གཉེར་སྐྱོང་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3771ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་11.9%འཕར་བ་དང་དུས་མཚུངས་ལས་3.3%འཕར་བ་དང་། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་ལམ་དཀྱུས་མའི་གཉེར་སྐྱོང་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་23303ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་52.0%འཕར་བ་དང་དུས་མཚུངས་ལས་2.1%འཕར་ཡོད་པ་རེད། ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་135.3ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་68.9%འཕར་བ་དང་དུས་མཚུངས་ལས་53.8%འཕར་ཡོད་པ་རེད། དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་192.0ཟིན་ཡོད་པ་རེད།
སྤྱི་བདེ་པུས་བརྡ་ཁྱབ་བཏང་དོན། མེས་པོར་མཆོད་འབུལ་དང་། དུར་ས་ཕྱགས་པ། ཡུལ་སྐོར་ལ་འགྲོ་བ། ལས་མི་དང་ཞིང་པ་ལས་མི་སོགས་ཕྱིར་སྐྱོད་མཁན་མང་དུ་ཕྱིན་པས། ས་གནས་ཁག་གཅིག་ཏུ་གྲོང་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་པ་དང་མཛེས་ལྗོངས་ཁུལ་གྱི་དུར་སའི་མཐའ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་འགྲུལ་རྒྱུན་མང་ཙམ་ཡོད། ཚེས་4ཉིན་གྱི་ཆུ་ཚོད་18པའི་བར་ལམ་དུམ་ཁག་གཅིག་ལ་འགྲིམ་འགྲུལ་གྱི་འགྲུལ་རྒྱུན་མང་བའི་དབང་གིས་འགྲོ་སྐྱོད་དལ་དུ་ཕྱིན་པ་ཕུད། འགྲིམ་འགྲུལ་འགག་པའི་གནས་ཚུལ་ཚབས་ཆེན་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཅུང་ཆེ་རིགས་ཐོན་མེད་པ་རེད། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངལ་གསོའི་རིང་ཕྱིར་སྐྱོད་ཆོས་ཉིད་ཀྱི་ཁྱད་ཆོས་དང་འགྲིམ་འགྲུལ་གྱི་འགྲུལ་རྒྱུན་མང་བའི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་གཙོ་གནད་ལམ་དུམ་གྱི་ལམ་སྟོན་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང་དང་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
དམངས་སྲིད་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་4ཚེས་4ཉིན། རྒྱལ་ཡོངས་སུ་པུར་འཇུག་ཞབས་ཞུའི་སྒྲིག་གཞི་ཁྲི་6.63ཡོད་པ་དེ་དག་གིས་ས་གནས་ས་ཐོག་ཏུ་དུར་ཕྱགས་ཞབས་འདེགས་ཞུས་པ་དང་ལས་དོན་མི་སྣ་ཁྲི་37.76དུར་ཕྱགས་ཞབས་ཞུ་འགན་ལེན་ནང་ཞུགས་ནས་ཉིན་གང་ས་གནས་ས་ཐོག་ཏུ་དུར་ཕྱགས་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི་1928.93ལ་སྣེ་ལེན་ཞུས་པ་དང་། དུར་ཕྱགས་བྱེད་མཁན་མང་ཚོགས་ཀྱི་རླངས་འཁོར་ཐེངས་ཁྲི་457.22ལ་སྣེ་ལེན་ཞུས་པ་དེའི་ནང་ལྗང་མདོག་ཐཱན་ཉུང་གི་དུར་ཕྱགས་བྱེད་སྟངས་གདམ་ག་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི་1209.96ཡོད་པ་དེ་དག་གིས་ས་གནས་ས་ཐོག་ཏུ་དུར་ཕྱགས་བྱེད་མཁན་མི་གྲངས་བསྡོམས་འབོར་གྱི་62.73%བཟུང་བ་དང་གོམས་སྲོལ་བསྒྱུར་བ་དང་ལྗང་མདོག་པུར་འཇུག་གི་འདུ་ཤེས་རིམ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་བཞིན་ཡོད་པ་རེད། ས་གནས་ཁག་གི་དམངས་སྲིད་སྡེ་ཚན་དང་པུར་འཇུག་ཞབས་ཞུའི་སྒྲིག་གཞིས་སྒྲིག་འཛུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་བདེ་དམངས་ཕན་གྱི་ཞབས་འདེགས་ཧུར་ཐག་ཞུ་བ་དང་དུར་ཕྱགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་དུར་ཕྱགས་བྱེད་སྒོ་བདེ་འཇགས་དང་། ཤེས་དཔལ། གོ་རིམ་ལྡན་པ་བཅས་ཡོང་བར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།