ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་འདིང་འགོ་ཚུགས་པ།

ཟླ་4ཚེས་3ཉིན། གསར་དུ་སྐྲུན་བཞིན་པའི་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལམ་ལྕགས་འདིང་འགོ་ཚུགས་ཤིང་། མིག་སྔར། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་གཞི་དང་། ཟམ་པ། ཕུག་ལམ་སོགས་ལམ་འོག་གི་ལས་གྲྭ་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ་དང་། འབབ་ཚུགས་ཁང་དང“གློག་བཞིའི”ལས་གྲྭ་མཚམས་ཚིགས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་པའོ(དབྱིན)ཧའེ་དང་ཅིང་ཁུན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་ཐིག་དེ་ཁྲུང་ཆིང་ཤར་ཚུགས་ནས་འགོ་བཙུགས་ཏེ་དབན་ཀྲོའུ་བྱང་ཚུགས་བར་སླེབས་ཀྱི་ཡོད་ལ། ལམ་ཐིག་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་251ཡོད་པ་དང་འཆར་འགོད་བྱས་པའི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་350ཡིན་པ་རེད།
འདི་ནི་ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ལྕགས་འདིང་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།