ཧའེ་ནན་གྱི་གླིང་བྲལ་དཔྱ་ཁྲལ་རྩ་ཆག་གི“ཉོས་འཕྲལ་ལེན་ཆོག་པ”དང“ཁག་ཐེག་ཡོད་ཕྱིན་ལེན་ཆོག་པ”ལག་ལེན་བསྟར་བའི་ལོ་གསུམ་རིང་དངོས་ཟོག་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པ།
གསར་འགོད་པར་ཧའེ་ཁོའུ་འགག་སྒོ་ནས་ཤེས་རྟོགས་བྱུང་བར། ཧའེ་ནན་གྱི་གླིང་བྲལ་དཔྱ་ཁྲལ་རྩ་ཆག་གི“ཉོས་འཕྲལ་ལེན་ཆོག་པ”དང“ཁག་ཐེག་ཡོད་ཕྱིན་ལེན་ཆོག་པའི”སྲིད་ཇུས་ལག་ལེན་བསྟར་ནས་ལོ་གསུམ་སོང་ཞིང་། ཟླ་4ཚེས་3ཉིན་བར། “ཉོས་འཕྲལ་ལེན་ཆོག་པའི”བྱེད་ཐབས་ཀྱི་དངོས་ཟོག་ཉོ་སྒྲུབ་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་106.18ཟིན་པ་དང་། དངོས་ཟོག་ཁ་གྲངས་ཁྲི་1172.73ཟིན་པ། མི་ཐེངས་ཁྲི་534.63ཟིན་པ་བཅས་རེད། “ཁག་ཐེག་ཡོད་ཕྱིན་ལེན་ཆོག་པའི”དངོས་ཟོག་ཉོ་སྒྲུབ་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.77ཟིན་པ་དང་། དངོས་ཟོག་ཁ་གྲངས་1673ཟིན་པ། མི་ཐེངས་1667ཟིན་པ་བཅས་རེད།
དངོས་ཟོག་ལེན་ཐབས་སྣ་མང་གི་རྒྱབ་སྐྱོར་འོག་སྲིད་ཇུས་ཀྱི་ཁེ་ཕན་ཐོབ་པའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། དཔྱ་ཁྲལ་རྩ་ཆག་བཏང་བའི་གཉེར་སྐྱོང་ཁེ་ལས་མང་པོ་ཞིག་གིས“ཉོས་འཕྲལ་ལེན་ཆོག་པ”དང“ཁག་ཐེག་ཡོད་ཕྱིན་ལེན་ཆོག་པའི”སྲིད་ཇུས་བཏོན་རྗེས་འགྲུལ་པས་ཕྱིར་སྐྱོད་མཁོ་ཆས་དང་རྩེར་སོན་ཚོང་ཟོག་ཉོ་སྐབས་དེ་མཚུངས་ཀྱི་བྱེད་ཐབས་བརྒྱུད་ནས་དངོས་ཟོག་སྟབས་བདེའི་ངང་ཉོ་ཐུབ་པ་ལས་འགྲུལ་པའི་དངོས་ཟོག་ཉོ་བའི་སྐྱིད་སྣང་དོད་དུ་ཕྱིན་པ་མ་ཟད། གླིང་བྲལ་དཔྱ་ཁྲལ་རྩ་ཆག་དང་ཧའེ་ནན་གྱི་རིག་གནས་དང་། ལུས་རྩལ། ཚོང་དོན། ཡུལ་སྐོར་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་ཁོར་ཡུག་ཡག་པོ་ཞིག་ཀྱང་བསྐྲུན་ཡོད་ཅེས་བརྗོད།
སྲིད་ཇུས་ཀྱི་ཕན་པ་རྒྱུན་མཐུད་ཐོབ་པ་དང་ཧའེ་ནན་གླིང་ཕྲན་དེ་གའི་གྲོང་མིར་ཕན་པ་ཐོབ་ཆེད། 2025ལོའི་ཟླ་11ཚེས་1ཉིན། ཧའེ་ནན་གླིང་བྲལ་དཔྱ་ཁྲལ་རྩ་ཆག་ཉོ་སྒྲུབ་སྲིད་ཇུས་ལ་ལེགས་སྒྲིག་ཐེངས་བཅུ་པ་བྱས་ཤིང་། དེའི་ནང“ཉོས་འཕྲལ་ལེན་ཆོག་པའི”གཟིགས་སྐྱོང་བྱེད་པོ་དང་སྤྱོད་གོ་ཆོད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཚུད་ཡོད་པ་དང་། རང་བྱུང་ལོ་འཁོར་གཅིག་ནང་གླིང་བྲལ་ཟིན་ཐོ་ཡོད་པའི་གླིང་ཕྲན་ནང་ཁུལ་གྱི་གྲོང་མིས་ཚོང་ཟོག་གི་ཐེངས་གྲངས་མང་ཉུང་ལ་མ་བལྟོས་པར་ལེན་སྟངས་དེ་རང་གི་ཐོག་ནས་དཔྱ་ཁྲལ་རྩ་ཆག་གི་ཚོང་ཟོག་ཉོ་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།