《སྒྲིག་ཆས་དམིགས་བསལ་བེད་སྤྱོད་དང་དོ་དམ་སྒྲིག་སྲོལ》གྱི་པར་གཞི་གསར་པ་ཟླ་ལྔ་པ་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《སྒྲིག་ཆས་དམིགས་བསལ་བེད་སྤྱོད་དང་དོ་དམ་སྒྲིག་སྲོལ》གྱི་2026ལོའི་པར་གཞི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
སྒྲིག་སྲོལ་གསར་པ་དེར་ཕྱོགས་བཞིའི་ཐད་ཀྱི་ཁྱད་ཆོས་ལྡན་པ་སྟེ། འགན་འཁྲི་དེ་བས་ཁ་གསལ་ཞིང་། 《སྒྲིག་ཆས་དམིགས་བསལ་སྤྱོད་མཁན་ཚན་པས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པའི་གཏན་འབེབས》ཞིབ་ཕྲ་བཟོས་ཏེ། སྒྲིག་ཆས་དམིགས་བསལ་སྤྱོད་མཁན་ཚན་པའི་བདེ་འཇགས་དོ་དམ་མི་སྣའི་ལས་གནས་བཀོད་སྒྲིག་དང་སྒྲིག་བཀོད་བླང་བྱ་གཅིག་གྱུར་བཟོས་པ་དང་། བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བདེ་འཇགས་པ་སོགས་ཀྱི་འགག་རྩའི་ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས“འགན་དབང་ཁ་གསལ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་ཐུབ་པ”བྱས་པ་དང་དོ་དམ་དེ་བས་གནད་སྨིན་ཐུབ་ཅིང་། སྒྲིག་ཆས་དམིགས་བསལ་སྤྱོད་མཁན་ཚན་པའི་ཉེན་ཁ་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལམ་སྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཉིན་རེར་དོ་དམ་ཚོད་འཛིན་བྱེད་པ་དང་། གཟའ་འཁོར་རེར་གྲལ་བཤེར་བྱེད་པ། ཟླ་རེར་བཀོད་གཏོང་བྱེད་པ་བཅས་ཀྱི་གདུབ་ཟུམ་དོ་དམ་ཆགས་པར་བྱས་ཡོད། ལྟ་འདོམས་དེ་བས་གནད་སྨིན་ཐུབ་ཅིང་། སྒྲིག་ཆས་དམིགས་བསལ་གྱི་གཞི་ཁྱོན་དང་། གྲངས་འབོར། ཉེན་ཁའི་ཁྱད་ཆོས་བཅས་གཞིར་བཟུང་། རིམ་དབྱེ་རིགས་དབྱེ་དང་གནད་སྨིན་ཇུས་བསྟར་བྱས་ཡོད། ཞབས་ཞུ་དེ་བས་ལེགས་སུ་གཏོང་བ་དང་། དྲ་ཐོག་རེ་ཞུ་དང་ཞིབ་བཤེར་བྱ་རྒྱུ་ཁྱབ་གདལ་བཏང་སྟེ་གྲངས་གཞི་མང་ཙམ་སྤྱོད་པ་དང་ཁེ་ལས་འགྲོ་རྒྱུག་ཉུང་དུ་བཏང་ནས་ཐོ་འགོད་བརྒྱུད་རིམ་སྟབས་བདེ་རུ་བཏང་བས་ལས་སྒྲུབ་ཕན་ནུས་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།