2026ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ།
གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ལས་རིགས་ཀྱིས་འབྱུང་འགྱུར་ལ་ སྣེ་ཁྲིད་བྱེད་ཅེས་པའི་2026ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། 2026ལོའི་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་གཙོ་བོར་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཟླ་5པའི་ཟླ་མཇུག་བར་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།
དྲ་ཐོག་ལས་བསྡུ་དེ་ཀྲུང་གོའི་རྒྱལ་ཁབ་ཤེས་ལྡན་པའི་དྲ་བའི་ཐོག་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་ཆེད་སྒྲིག་ལེ་ཚན་བཟོས་ཏེ་ས་གནས་ཀྱི་གཙོ་གནད་ཐོན་ལས་དང་ཤེས་ལྡན་པའི་དགོས་མཁོར་དམ་པོར་དམིགས་ནས། གྲོང་ཁྱེར་གྱི་ཐད་གཏོང་བརྒྱུད་ལས་གནས་ངོ་སྤྲོད་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
དྲ་ཕྱིའི་ལས་བསྡུའི་ཐད་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། སྔོན་ཐོན་བཟོ་སྐྲུན། རྒྱལ་སྤྱིའི་ཚོང་དོན་སོགས་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་རང་བཞིན་གྱི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་རེད། རྒྱལ་ཁབ་ཀྱི་ཁུལ་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ནུབ་རྒྱུད་ས་ཁུལ་དང་ཞུང་ཨན་ཁུལ་གསར་སོགས་ཁུལ་ཁོངས་རང་བཞིན་གྱི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་རིམ་པ་མཐོ་བའི་ཤེས་ལྡན་པའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་རྒྱུ་རེད། མཐོ་སློབ་གཅིག་སྡུད་དང་། སློབ་ཐོན་སློབ་མའི་གྲངས་འབོར་ཅུང་མང་བ། དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་སོགས་ཀྱི་ལས་ཞུགས་ལས་འགན་ཅུང་ལྕི་བའི་གྲོང་ཁྱེར་ལ་ཕྱོགས་ནས་ཕྱོགས་བསྡུས་རང་བཞིན་ནམ་ཡང་ན་ལས་རིགས་རང་བཞིན་གྱི་ཁུལ་ཁོངས་ལས་བརྒལ་བའི་སྐོར་སྐྱོད་ལས་བསྡུ་སྒྲིག་འཛུགས་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།