དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་ལྟེ་བའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-07

    གསར་འགོད་པར་2026ལོའི་སའེ་ཏི་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། ཚོད་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་ལྟེ་བའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.01བར་འཕར་ནས་དུས་མཚུངས་ལས་7%ཙམ་འཕར་ཡོད། 2025ལོའི་ལོ་མཇུག་བར། རང་རྒྱལ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱི་ཁེ་ལས་600ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་20%ཡན་འཕར་ཡོད།

    ཚོང་ལས་འཕེན་གཏོང་དང་འཁོར་ལམ་དུ་ཞུགས་པའི་ཚོང་ལས་སྲུང་སྐར་གྱི་གྲངས་འབོར་མགྱོགས་མྱུར་འཕར་ཞིང་། 2025ལོར་རང་རྒྱལ་གྱིས་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཐེངས་50བྱས་པ་དེས་རང་རྒྱལ་གྱི་འཕེན་གཏོང་བསྡོམས་འབོར་གྱི་54%བཟུང་ཡོད། འཁོར་ལམ་དུ་ཞུགས་པའི་ཚོང་ལས་སྲུང་སྐར་311ཟིན་པ་དེས་རང་རྒྱལ་གྱི་འཁོར་ལམ་དུ་ཞུགས་པའི་སྲུང་སྐར་བསྡོམས་འབོར་གྱི་84%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།