དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནམ་དུས་དཔྱིད་ཀ་ཤར། ལུས་སྦྱོང་ཚ་རླབས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་ཨོ་ཧྲན་གྲོང་རྡལ་ཁྲེང་ཏུང་གྲོང་ཚོར་རྐང་འཁོར་བཞོན་ནས་ལུས་སྦྱོང་བྱེད་རྒྱུར་དགའ་པོ་ཡོད་མཁན་ཚོས་པད་ཁའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་ཞིང་གསེབ་ཏུ་སྐྱོད་བཞིན་པ།

    འདི་ནི་ཀུའེ་ཀྲོའུ་ལི་པོ་གྲོང་གསེབ་ཀྱི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ནང་ཀུའུ་རུང་སྡེ་ཁུལ་རུ་ཁག་དང་ཅེ་ལིང་རུ་ཁག་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ནན་ཧྥེ་ཐང་ཆེན་དུ་གྲོང་མིས་དཔྱིད་དཔལ་ལོངས་སུ་སྤྱོད་ཀྱིན་ལུས་སྦྱོང་བྱེད་བཞིན་པ།

    འདི་ནི་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧན་ཧྲན་ཆུས་ཞིང་ནགས་ལམ་སློབ་ཆུང་གི་སློབ་མས་ཐག་མཆོང་རྒྱག་བཞིན་པ།

    འདི་ནི་ཧྲང་ཧའེ་ཡི་བུད་མེད་ལམ་ཕྱེད་མར་སུན་རྒྱུག་འགྲན་ཁྲང་ཉིང་ཆུས་ཙུན་དབྱི་ལམ་དུ་འགོ་ཚུགས་པ།

    འདི་ནི་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲུའུ་ཧྲན་རྫོང་ཐའོ་ཧྭ་ཡོན་ཁྲོམ་གཞུང་གིས་གཉེར་བའི“སྐམ་སའི་འཁྱག་ལྟིར”འགྲན་བསྡུར་ནང་རྒན་དར་གཞོན་གསུམ་ཞུགས་རྒྱུའི་ཡིད་དབང་བཀུག་པ།

    འདི་ནི་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་འཕག་རྒྱུག་མཐར་བསྡུར་ལ་ཞུགས་མཁན་བདམས་ཐོན་པས་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།

    འདི་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཞའོ་ཡོན་སྤྱི་གླིང་དུ་གྲོང་མི་ཚོས་མེ་ཏོག་དབྱིན་ཧྭ་སྡོང་པོའི་བསིལ་གྲིབ་འོག་ལུས་སྦྱོང་ཞབས་བྲོ་འཁྲབ་བཞིན་པ།

    ནམ་དུས་དཔྱིད་ཀ་ཤར་བ་དང་བསྟུན་ནས་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ནས་ཐོན་ཏེ། ཕྱི་རོལ་དང་ལུས་རྩལ་ཐང་དུ་བསྐྱོད་ནས་ལུས་སྦྱོང་བྱེད་འགོ་ཚུགས་ནས། བདེ་ཐང་གི་ཀྲུང་གོ་དང་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པར་རྨང་གཞི་དེ་བས་བརྟན་པོ་འདིང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།